top of page

གཏམ་བཤད་པ

Jiumei.jpg

འཇིགས་མེད་ཕུན་ཚོགས། - གདན་ཞུས།

འཇིགས་མེད་ཕུན་ཚོགས་ལགས་ནི་སྨན་པ་འབུམ་རམས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་དམིགས་བསལ་གྲོན་དངུལ་ལོངས་སུ་སྤྱོད་བཞིན་པའི་ཆེད་མཁས་པ། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུའུ་ཡིས་དམིགས་བཙུགས་ཆེད་སྦྱོང་ཚན་ཁག་ ༼ བོད་ལུགས་གཅིན་སྙི་ཟ་ཁུའི་གསོ་བཅོས་ཚན་ཁག  ༽ གི་རིག་གཞུང་དབུ་ཁྲིད་པ།  མིག་སྔར་མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ལྡན་ཁེ་ལས་ཀྱི་ལས་འཛིན་ཚོགས་གཙོ་དང་། མཚོ་སྔོན་འཇིགས་མེད་བོད་སྨན་ཁང་གི་འགོ་གཙོ་ཡི་འགན་བཅས་བཞེས་ཡོད་པ་རེད།  འཇིགས་མེད་ཕུན་ཚོགས་ལགས་ཀྱིས་མི་ལོ་༤༠ཡི་རིང་གི་ཞུབ་འཇུག་བརྒྱུད། ཁོང་གིས་སྔ་གཞུག་ཏུ་རང་ལ་དབང་བའི་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ཡོད་པའི་འཇིགས་མེད་གཡུ་སྙིང་བདུན་ཅུ་དང་འཇིགས་མེད་གསེར་ཏིག་ཁ་ཚར་ཅན། འཇིགས་མེད་མཆིན་ནད་ཀུན་འཇོམས། འཇིགས་མེད་སྐྱེར་ཤུན་བརྒྱད་པ་ཁ་ཚར་ཅན། འཇིགས་མེད་སྲོག་འཛིན་བཅུ་གཅིག་ཁ་ཚར་ཅན། འཇིག་མེད་ཁྲག་བཤིག་ཁ་ཚར་ཅན། འཇིགས་མེད་བདུད་རྩི་ལྔ་ལུམས་སོགས་རྒྱལ་སྨན་ཆོག་ཡིག་བླངས་ཡོད་པའི་བོད་སྨན་གསར་པ་༡༣ཞིབ་འཇུག་གསར་བཟོ་དང་གསར་སྤེལ། ཐོན་སྐྱེད་བཅས་བྱས་ཡོད། འཇིགས་མེད་གཡུ་སྙིང་བདུན་ཅུས་མཚོན་པའི་ཆེད་མཁས་བདག་དབང་ ༥༠ ཐོབ་ཡོད་པར་མ་ཟད། 《བོད་སྨན་བཙོ་ཐལ་གྱི་གྲུབ་ཆ་དབྱེ་ཞིབ་དང་དུག་ལུགས་རིག་པའི་ཞིབ་འཇུག》སོགས་དཔྱད་རྩོམ་༥༠ལྷག་སྤེལ་ཡོད། ད་དུང་《འཇིགས་མེད་ལག་ལེན་དམར་ཁྲིད།》སོགས་དེབ་༢༥བརྩམས་གནང་ཡོད་ལ་བྱ་དགའ་ལའང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་༧༠ལྷག་ཐོབ་ཡོད། ཁོང་གིས་ཀྲུང་ལུགས་གསོ་རིག་རྒྱུད་འཛིན་དར་སྤེལ་དང་གསར་བཏོད་བཅས་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་པ་རེད།

འབུམ་རམས་པ་རུ་ཌོལ་ཕུ་ ཐན་ཛི་ ལགས་ནི་ཧར་ཝར་ཌི་སློབ་ཆེན་གསོ་རིག་སློབ་གླིང་གི་དབང་རྩ་སྡེ་ཁག་གི་སློབ་དཔོན་དང་མ་སུ་ཆུ་སེ་ ཊི་ ཇེ་ནེར་རལ་སྨན་ཁང་གི་རིགས་རྒྱུན་སྐྱེད་འཕེལ་དང་རྒས་གསོ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན།  དེ་རུ་གཙོ་བོ་ Alzheimer ནད་རིགས་ཀྱི་ནད་རྒྱུ ད་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་བཞིན་ཡོད།
འབུམ་རམས་པ་རུ་ཌོལ་ཕུ་ ཐན་ཛི་ ལགས་ཀྱིས་༡༩༨༠ལོ་ནས་བཟུང་དབང་རྩའི་ནད་རིགས་ཀྱི་འདུས་རྡུལ་རྒྱུད་འཛིན་རིག་པའི་རྨང་གཞི་ལ་ཞིབ་འཇུག་བྱས། སྔོན་ཆད་ཁོང་
Huntington's disease ནད་ཀྱི་གཞི་རྒྱུའི་གནས་ཡུལ་གཏན་ཁེལ་བྱེད་པའི་གསར་གཏོད་རང་བཞིན་གྱི་ཞིབ་འཇུག་ལ་ཞུགས་མྱོང་བ་དང་། དེ་ལས་ནད་རྒྱུད་མུ་འཁྱིལ་དབྱེ་ཞིབ་རྒྱུད་ནས་ནད་ཅན་གྱི་གཞི་རྒྱུ་ཐོག་མ་ཤེས་རྟོགས་བྱུང་བ་རེད། ༡༩༨༢ལོ་ནས་བཟུང་།  ཁོང་གིས་ Alzheimer  ནད་རིགས་ཀྱི་ (AD) ནད་རྒྱུད་རྒྱུ་རྐྱེན་ལ་ཞིབ་འཇུག་བྱས།  ཁོང་གིས་དུས་མཉམ་དུ་ཁྱིམ་རྒྱུད་ཅན་དང་སྔོན་ནས་ཕོགས་པའི་ Alzheimer ནད་རིགས་ཀྱི་ (AD) གཞི་རྒྱུ་སྣ་གསུམ་ཤེས་རྟོགས་བྱུང་། ༡༩༩༣ལོར།  ཁོང་གིས་མིང་ལ་ Wilson's disease ཟེར་བའི་དབང་རྩའི་ནད་རིགས་ཀྱི་གཞི་རྒྱུ་ཞིག་ཀྱང་ཤེས་རྟོགས་བྱུང་། འདས་པའི་ལོ་༢༥རིང་ལ། ཁོང་གིས་གཞན་དང་མཉམ་འབྲེལ་གྱིས་ནད་རིགས་གཞན་དག་གི་གཞི་རྒྱུ་ངེས་འཛིན་ཞིབ་འཇུག་བྱས་པ་དང་། དེའི་ནང་དུ་དབང་རྩ་ལ་གནོད་པའི་ཚིལ་སྣ་སྐྲན་ནད་དང་ཤ་གནད་འཁུམ་པའི་གཞོགས་རྩ་སྲ་འགྱུར། ཁེར་འདུག་ལ་དགའ་བའི་ནད་རིགས་བཅས་ཀྱི་གཞི་རྒྱུ་འདུས་སོ། །

རུ་ཌོལ་ཕུ་ ཐན་ཛི། - གདན་ཞུས།

Rudolph Tanzi
Yumba

ཡུམ་བྷ། - གདན་ཞུས།

ཞིབ་འཇུག་པ་ཡུམ་བྷ་ལགས་ནི་བོད་རང་སྐྱོང་ཁུལ་གྱི་བོད་སྨན་ཁང་གི་འགོ་གཙོ་གཞོན་པ་ཡིན། ཁོང་གིས་བོད་ལུགས་གསོ་རིག་ཚན་རིག་ཞིབ་འཇུག་དང་གནམ་དཔྱད་སྐར་རྩིས་རིག་པའི་ཞིབ་འཇུག་གི་ཕྱག་ལས་གནང་བཞིན་ཡོད། ཁོང་གི་བརྩམས་ཆོས་ལ《གངས་ལྗོངས་གསོ་རིག་སྨན་རྩིས་ཚིག་མཛོད་ཆེན་མོ། 》སོགས་དེབ་༢༠དང་རིག་གཞུང་དཔྱད་རྩོམ་༣༠སྤེལ་ཡོད།  སྔོན་ཆད་ཁོང་བོད་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་དང་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན། སྐབས་བཅུ་​བའི་རྒྱལ་ཡོངས་ན་གཞོན་ཚོགས་པའི་ཨུ་ཡོན་དུ་བཞུགས་མྱོང་བ་དང་། ད་ལྟ་བོད་ལྗོངས་གནམ་དཔྱད་སྐར་རྩིས་རིག་གཞུང་ལྷན་ཚོགས་ཀྱི་དྲུང་ཡིག་དང་བོད་ལྗོངས་རིག་གནས་སྲུང་སྐྱོབ་དར་སྤེལ་མཐུན་ཚོགས་ཀྱི་ལས་འཛིན་དཔོན། བོད་རང་སྐྱོང་ཁུལ་གྱི་གནའ་དཔེ་སྲུང་སྐྱོབ་བྱ་བའི་ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི། ཀྲུང་གོ་མི་རིགས་གསོ་རིག་རིག་གཞུང་ལྷན་ཚོགས་རྒྱལ་སྤྱིའི་མཉམ་འབྲེལ་ཡན་ལག་ཚོགས་པའི་རྒྱུན་ལས་ལས་འཛིན། འཛམ་གླིང་ཀྲུང་ལུགས་གསོ་རིག་རིག་གཞུང་མཉམ་འབྲེལ་ལྷན་ཚོགས་བོད་ལུགས་གསོ་རིག་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ།   མི་རིགས་གསོ་རིག་མཐུན་ཚོགས་བོད་ལུགས་གསོ་རིག་ཡན་ལག་ཚོགས་པའི་ཚོགས་གཙོ་གཞོན་པ། ཧྭ་ཧྥོ་སློབ་ཆེན་གྱི་བློ་འདྲི་མཁས་དབང་།  བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དང་མཚོ་སྔོན་བོད་ལུགས་རིག་སློབ་གླིང་། ལྷོ་ནུབ་མི་རིགས་སློབ་ཆེན་བཅས་ཀྱི་གདན་ཞུས་དགེ་རྒན་ཆེན་མོ།   ཁོང་གི་བརྩམས་ཆོས་ལ།  《ལོ་འཁོར་སུམ་ཅུའི་བོད་ལུགས་ལོ་ཐོ།》༼  བོད་ཡིག ༽  ༡༩༩༣ལོའི་ཟླ་༩བ།   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 《གནམ་དཔྱད་སྐར་རྩིས་རིག་པ་ལ་འཇུག་པའི་སྒོ། 》༼  བོད་ཡིག ༽  ༢༠༠༡ལོའི་ཟླ་༨བ།   པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 《བོད་རིགས་གནའ་རབས་སྐར་རྩིས་རིག་པའི་རྒྱུ་ཆ་ཕྱོགས་བསྒྲིགས།》༼  བོད་ཡིག ༽  ༢༠༠༥ལོའི་ཟླ་༩བ།   མི་རིགས་དཔེ་སྐྲུན་ཁང་། 《མཁྱེན་རབ་ནོར་བུ་དང་བོད་ལུགས་གསོ་རིག་གནམ་དཔྱད་སྐར་རྩིས་རིག་པ། 》༼  རྒྱ་ཡིག ༽  ༢༠༠༡༡ལོའི་ཟླ་༦བ།  ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 《བོད་ལོ་དང་སྤྱི་ལོ་ལུགས་རྙིང་གསུམ་གྱི་ལོ་བརྒྱའི་ལོ་ཐོ་ཤན་སྦྱར་མ། 》༢༠༡༡ལོའི་ཟླ་༦བ།   ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 《ཀྲུང་གོ་ས་ཁུལ་གྱི་རིག་གནས་དཔེ་གཟིགས་ཆེན་པོ། བོད་ལྗོངས་དཔེ་ཆ།》སྐར་རྩིས་ཀྱི་སྐོར།   ༢༠༠༡༤ལོའི་ཟླ་༦བ།   ཀྲུང་ཧྭ་དཔེ་ཤག 《སྤྱི་ལོ༡ནས་༢༡༠༠བར་གྱི་བོད་ལྗོངས་ལོ་ཁྲིའི་ལོ་ཐོ་དྲུག་སྦྱར་མ། 》  ༢༠༠༡༦ལོའི་ཟླ་༢བ།   བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 《བོད་ལུགས་གསོ་རིག་གི་བདེ་ཐང་ཁམས་གསོའི་མེ་ལོང་། 》༢༠༡༦ལོའི་ཟླ་༥བ།   ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་། 《གངས་ལྗོངས་གསོ་རིག་སྐར་རྩིས་ཚིག་མཛོད། 》༡ནས་༡༣༠ཁག    ༢༠༡༦ལོའི་ཟླ་༩བ།  ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་།

ཇི་ནེ་ཐི་ རྒྱ་མཚོ། - གདན་ཞུས།

ཇི་ནེ་ཐི་ རྒྱ་མཚོ་ལགས་ནི་ཧར་ཝར་ཌི་སློབ་ཆེན་གྱི་ལྷ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་ཡིན།  སྔོན་ཆད་ལྷ་རིག་སློབ་གླིང་ནས་ཆོས་ལུགས་རིག་པ་དང་ཨེ་ཤེ་ཡ་ཤར་མ། ཨེ་ཤེ་ཡ་དབུས་རྒྱུད་དང་ཨར་ཐེ་རིག་པ་སོགས་ཀྱི་མངའ་ཁོངས་བཅས་ཀྱི་སྐད་རིག་དང་རིག་གནས་ལ་ཞིབ་འཇུག་བྱས་མྱོང་། ད་ལྟ་ལྷ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རིག་གཞུང་ལས་གཉེར་གྱི་འགན་འཛིན་པ་ཡིན།  ཁོང་མོས་བརྩམས་ཆོས་ནི་བོད་བརྒྱུད་ནང་བསྟན་རིག་གཞུང་སྐོར་གཙོ་བོར་བཟུང་ནས་བྲིས་ཡོད་པ་དང་། འཐུས་ཚབ་བརྩམས་ཆོས་ནི《ནང་བསྟན་ཁྲོད་ཀྱི་མི། ཉེ་རབས་སྔ་དུས་ཀྱི་བོད་ལུགས་གསོ་བ་རིག་པའི་བསམ་བློའི་ལོ་རྒྱུས།》《བདག་གི་འཕྲུལ་སེམས།-བོད་ཀྱི་མཁས་པ་ཞིག་གི་གསང་རྣམ། 》སོགས་ཡོད།

Janet Gyatso

ཉི་མ་ཚེ་རིང་ལགས་ནི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན། རྒན་ཁོང་ལ་མིང་དུ་གྲགས་པའི་བོད་ལུགས་གསོ་རིག་མཁས་ཆེན་ཁྲོ་རུ་ཚེ་རྣམ་དང་རྒྱལ་ཁབ་མི་དོན་པུའུ། འཕྲོད་བསྟེན་པུའུ། ཀྲུང་ལུགས་སྨན་རྫས་དོ་དམ་ཅུའུ་མཐུན་ཚོགས་བཅས་ནས་སྦྱངས་འབྲས་འབུར་ཐོན་པའི་དཔང་ཡིག་གནང་། ༡༩༨༧ལོར་བོད་ལུགས་གསོ་རིག་སློབ་གྲྭའི་སློབ་གཙོ་གཞོན་པའི་འགན་བཞེས།  ༡༩༨༩ལོར་སྔ་རྗེས་སུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་ཆེན་སྡེ་ཁག་གི་འགོ་འཛིན་པ་དང་སློབ་གླིང་གི་གླིང་གཙོ་གཞོན་པ། དགེ་རྒན་ཆེན་མོ་གཞོན་པ། གླིང་གཙོ་བཅས་འགན་བཞེས། དེ་ལས་གཞན་སྤྱི་ཚོགས་སྟེང་གི་ཞོར་འཛིན་ལས་འགན་གཙོ་བོ་ལ་འཛམ་གླིང་ཀྲུང་མཐུན་བོད་ལུགས་སྨན་རྫས་ཆེད་གཉེར་ཨུ་ཡོན་ལྷན་ཚོགས་ཀྱི་སྐད་གྲགས་ཆོད་པའི་ཚོགས་གཙོ། ཀྲུང་གོ་མི་རིགས་སྨན་རྫས་མཐུན་ཚོགས་རྒྱུན་ལས་ཀྱི་ལས་འཛིན་པ། རྒྱལ་ཁབ་སྨན་རྫས་ཞིབ་དཔྱད་ཆེད་མཁས་ཀྱི་ཆེད་མཁས་པ། སློབ་གསོ་པུའུ་མཐོ་རིམ་སློབ་གྲྭའི་དཔྱད་འཇོག་ཆེད་མཁས་པ། བོད་རང་སྐྱོང་ལྗོངས་ཀྱི་བསླབ་གནས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་སྨན་རྫས་ཞིབ་དཔྱད་ཆེད་མཁས་ཀྱི་ཆེད་མཁས་པ། བོད་རང་སྐྱོང་ལྗོངས་མཐོ་རིམ་སློབ་གྲྭའི་མཐོ་རིམ་ལས་རིགས་ཀྱི་ཞིབ་དཔྱད་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། རྒྱལ་ཁབ་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་མཁན་དང་རྒྱུད་འཛིན་པ། སྐབས་ལྔ་པའི་རྒྱལ་ཡོངས་ཀྲུང་ལུགས་སྨན་རྫས་དར་མའི་སློབ་གསོ་མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་ཀྱི་འགན་ཡང་བཞེས་ཡོད་པ་རེད།

Nyima Tsering

ཉི་མ་ཚེ་རིང་། - གདན་ཞུས།

Thupten Phuntsok

ཐུབ་བསྟན་ཕུན་ཚོགས། 

   ཐུབ་བསྟན་ཕུན་ཚོགས་ལགས་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། བོད་སྐད་ཡིག་རིག་གནས་དང་བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་མིང་དུ་གྲགས་པའི་རྒྱལ་སྤྱི་རིམ་པའི་མཁས་པ་ཆེན་པོ་ཞིག་ཡིན། ཉེ་བའི་ལོ་འཁོར་བཞི་བཅུའི་ནང་། དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་རིག་གནས་ཞིབ་འཇུག་གི་ཁྱབ་ཁོངས་ཤིན་ཏུ་རྒྱ་ཆེ་ཞིང་། གཙོ་བོ་བོད་ཀྱི་ལོ་རྒྱུས་རིག་པ་དང་གསོ་བ་རིག་པ། སྐར་རྩིས་རིག་པ་བཅས་ལ་ཞིབ་འཇུག་གནང་བཞིན་ཡོད།   ཁོང་ལ་གསུང་རྩོམ་པོད་དགུ་ཡོད་པ་དང་དཔྱད་རྩོམ་བརྒྱ་ལྷག་བྲིས་ཡོད།   རྒྱལ་ཁབ་ཕྱི་ནང་ཀུན་ནས་འཆད་ཁྲིད་ཀྱང་ཐེངས་ཉི་ཤུ་ལྷག་སྤེལ་མྱོང་།
 

ཕོལ་མིལ་སི་ལགས་ནི་ཁྱིམ་ཚང་སྨན་བཅོས་དང་སྤྱི་དམངས་འཕྲོད་བསྟེན་གྱི་དགེ་རྒན་ཆེན་མོ་དང་། མཐུན་སྦྱོར་གསོ་རིག་ཞིབ་འཇུག་ལྟེ་གནས་དང་ཕུལ་བྱུང་ཟབ་སྦྱོང་ལྟེ་གནས་ཀྱི་འགན་འཛིན། ཀ་ལི་ཧྥོ་ཉི་ཡ་སློབ་ཆེན་གྱི་སན་ཌེ་ཡེ་གོ་ཁོངས་གཏོགས་སློབ་ཆེན་གྱི་ཀུན་སྤྱོད་སྨན་དཔྱད་སྡེ་ཁག་གི་གནས་སྐབས་འགན་འཛིན་བཅས་ཡིན།  མིག་སྔར་ཁོང་གིས་ཆོབ་ར་ཐེབས་རྩ་ཚོགས་པའི་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་གྱི་འགན་ཡང་བཞེས་མུས་ཡོད། ཕོལ་མིལ་སི་ལགས་ནི་ལུས་ཁམས་བདེ་སྲུང་དང་ནད་རིགས་གསོ་བཅོས་ཕྱོགས་ཀྱི་ཀུན་འདུས་གསོ་རིག་དང་སྨྱོ་ནད་རིམས་འགོག་གི་ཆེད་མཁས་པ་ཡིན་པ་མ་ཟད།  འདི་དག་གི་ཕྱོགས་ལ་ཞིབ་འཇུག་བྱས་ཏེ་དེ་འབྲེལ་གྱི་གསུང་རྩོམ་ཡང་བརྩམས་གནང་ཡོད་པ་རེད། སྐྱེ་དངོས་འཕོ་འགྱུར་ཞིབ་འཇུག་ལས་གཞིའི་ཞིབ་འཇུག་པ་གཙོ་བོ་ཡང་ཡིན་པ་དང། དེ་ནི་ངེས་མེད་སྐབས་བསྟུན་ཚོད་ལྟའི་རྣམ་གྲངས་ཤིག་ཡིན་ལ་རྒྱ་གར་ཚེ་ཡི་རིག་པས་ལུས་སེམས་གཉིས་ཀྱི་བདེ་ཐང་འདོན་པའི་བྱེད་ལས་ལ་ཞིབ་འཇུག་བྱེད་པའི་ཞིབ་འཇུག་ལས་གཞི་ཞིག་རེད།

ཕོལ་མིལ་སི།   

Paul Mills
Vincanne Adams

ཝིན་སིན་ཨ་ཌམ།  

འབུམ་རམས་པ་ཝིན་སིན་ཨ་ཌམ་ལགས་ནི་ཀ་ལི་ཧྥོ་ཉི་ཡ་སློབ་ཆེན་སན་ ཕུ་རན་སེ་སི་ཀོ་ཁོངས་གཏོགས་སློབ་ཆེན་གྱི་མིའི་རིགས་རིག་པ་དང་ལོ་རྒྱུས་། སྤྱི་ཚོགས་གསོ་རིག་སྡེ་ཁག་གི་སློབ་དཔོན་ཆེན་མོ་དང་གླིང་གཙོ་གཞོན་པའི་འགན་གཅིག་ལྕོགས་བཞེས་བཞིན། ཀ་ལི་ཧྥོ་ཉི་ཡ་སློབ་ཆེན་རྦེར་ཁེ་ལེ་ཁོངས་གཏོགས་སློབ་ཆེན་གྱི་མིའི་རིགས་རིག་པའི་ལས་གཞི་ལའང་དངོས་ཞུགས་བྱེད་བཞིན་ཡོད། ཁོང་མོས་མི་ལོ་ཉི་ཤུ་རིང་ལྷ་ས་དང་ཤར་ཕྱོགས་ཀྱི་བོད་ཀྱི་ས་ཁུལ་ཁག་ཏུ་དངོས་སྐྱོད་ཀྱིས་བོད་ཀྱི་གསོ་བ་རིག་པ་ལ་ཞིབ་འཇུག་གཏིང་ཟབ་བྱས་ཤིང་བརྩམས་ཆོས་མང་པོ་པར་དུ་བསྐྲུན་མྱོང་།  ཁོང་མོས་གཞན་དང་མཉམ་འབྲེལ་གྱིས་ཚན་རིག་དང་ཆོས་ལུགས་ཀྱི་ཁྲོད་ཀྱི་གསོ་རིག་སྟེ་བོད་ཀྱི་ས་ཆར་རྟོག་ཞིབ་༼རྦེར་གྷན་དཔེ་སྐྲུན་ཁང་༽དང་། ཚད་འཇལ་སྟེ་གོ་ལའི་བདེ་ཐང་ལ་ཅི་ཞིག་གལ་ཆེའམ་༼སྒྲུ་ཁི་དཔེ་སྐྲུན་ཁང་༽སོགས་བརྩམས་ཆོས་མང་པོ་གསར་རྩོམ་དང་ཕྱོགས་སྒྲིག་གནང་ཡོད།  ཁོང་མོ་ནི་སྨན་དཔྱད་མིའི་རིགས་རིག་པའི་གསོ་དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་དང་། ཉེན་ཚབས་ཅན་གྱི་གོ་ལའི་བདེ་ཐང་སྟེ་བདེན་དཔང་དང་། ཕན་ནུས། མི་རིགས་རྣམ་བཤད་ཞེས་པའི་དཔེ་ཚོགས་ཀྱི་ཟུང་འབྲེལ་རྩོམ་སྒྲིག་པ་གཙོ་བོའང་ཡིན།

 

་ལེ་ཧན་སྒྲོ་ཅོ་ཨོལ་ལགས་ནི་དགེ་རྒན་ཆེན་མོ་གཞོན་པ། ཊེག་སུ་སི་སློབ་ཆེན་ཨན་སྒྲུར་སོན་འབྲས་ནད་ཞིབ་འཇུག་ལྟེ་གནས་ཀྱི་མཐུན་སྦྱོར་གསོ་རིག་ལས་གཞིའི་འགན་འཛིན་པ།   ཁོང་གིས་ལུས་སེམས་གཙོ་བོར་འཛིན་པའི་གསོ་བཅོས་བྱེད་ཐབས་བེད་སྤྱད་དེ་འབྲས་སྐྲན་ནད་པར་ཞིབ་འཇུག་གནང་ཞིང་།  མི་སྒེར་དང་ཚོགས་པ། འབྲས་སྐྲན་སྨན་ཁང་དང་སྨན་ཞབས་རྣམས་ལ་སྒོམ་གྱི་སྐོར་འཆད་ཁྲིད་ལག་ལེན་དང་སློབ་གསོའི་ལས་འགལ་སྤེལ། ཁོང་གིས་ད་དུང་རྡི་མེ་ཁུ་གྷ་ཝེན་མི་ཆོས་ཀུན་སྤྱོད་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་གཞོན་པའི་ལས་འཁུར་ཞུ་བཞིན་གསོ་རིག་སློབ་མར་ནང་སེམས་དང་ཚབ་བྱེད་གསོ་རིག  འཆི་ཁ་མའི་བདག་སྐྱོང་སྐོར་ལ་སློབ་ཁྲིད་ཀྱང་གནང་གི་ཡོད།

 

ཨ་ལེ་ཧན་སྒྲོ་ཅོ་ཨོལ་ལགས་ཀྱིས་སྔོན་ཆད་ཪེ་སི་སློབ་ཆེན་དང་ཧུ་སི་ཊོན་སློབ་ཆེན།  ཧུ་སི་ཊོན་ཇུང་ལྟེ་གནས་བཅས་ལ་སློབ་ཁྲིད་གནང་མྱོང་།    སྤྱི་ལོ༡༩༩༩ནས་བཟུང་ཊེག་སུ་སི་སྨན་བཅོས་ལྟེ་གནས་སུ་འཕྲོད་བསྟེན་སྨན་བཅོས་ཁོངས་སུ་ལུས་སེམས་གསོ་བཅོས་ཀྱི་ལག་ལེན་བྱས་དང་བྱེད་མུས་ཡིན། དེ་ལས་གཞན་ཁོང་གིས་རེ་སི་སློབ་ཆེན་གྱི་རོ་ཐི་ཀོག་ཆ་ཕེལ་དང་བྷོ་ནུག་ཆོས་ལུགས་བཟོད་སྒོམ་ལྟེ་གནས་སུ་ཆོས་དད་དང་དཔྱད་སྒོམ་ལག་ལེན་གྱི་མཉམ་འབྲེལ་བྱ་བ་བསྒྲུབ། སྤྱི་ལོ་༡༩༩༥ནས་བཟུང་། ཁོང་གིས་ཨ་རི་དང་། ལྷོ་ཨ་མེ་རི་ཀ ཡུ་རོབ་བཅས་སུ་རྟེན་གཞི་བྱས་པའི་ལི་མིག་རྐྱ་སློབ་གཉེར་ཁང་ཁག་ཏུ་བོད་ལུགས་ཀྱི་བློ་སྦྱོང་སྒོམ་ལུགས་དང་ལུས་སྦྱོང་ཡོ་ག་སློབ་ཁྲིད་གནང་གི་ཡོད།

 

ཁོང་གི་ཞིབ་འཇུག་དང་བརྩམས་ཆོས་ཁག་གི་ནང་དོན་ནི་གཙོ་བོ་ནི་མཐུན་སྦྱོར་གསོ་རིག་གི་ལུས་སེམས་གསོ་བཅོས་དང་། གསོ་བཅོས་འདི་དག་གིས་རྒྱུན་མནར་ལུས་སེམས་གནོན་ཤུགས་མནར་གདུང་དང་སེམས་འཚབ་དང་གཉིད་ནད་ཇེ་ཆུང་ཅུ་བཏང་ནས་འཚོ་བའི་སྤུས་ཚད་ལེགས་བསྒྱུར་བེད་པ་སོགས་ཡིན། ༼བོན་ལུགས་ཀྱི་གཅོད་ཀྱི་ཕྱག་ལེན༽ དཔེ་དེབ་ཀྱི་རྩོམ་སྒྲིག་པ་ཡིན་པར་མ་ཟད། ཆོས་ལུགས་དང་གསོ་རིག  སྨན་དཔྱད་མིའི་རིགས་རིག་པ། ནང་སེམས་དང་གསོ་བཅོས་སྐོར་ལ་རྩོམ་བྲིས་གང་མང་སྤེལ་མྱོང་། ཁོང་གིས་མི་འགྱངས་པར་

༼འཕྲོད་བསྟེན་དང་བདེ་ཐང་སྐོར་གྱི་བོད་བརྒྱུད་ལུས་སྦྱོང་ཡོ་ག༽ཞེས་པའི་དཔེ་ཆ་ཞིག་དཔར་སྐྲུན་བྱེད་འཆར་ཡོད་པ་རེད།།

ཨ་ལེ་ཧན་སྒྲོ་ཅོ་ཨོལ། 

Alejandro Chaoul
Tenzin Choedon

བསྟན་འཛིན་ཆོས་སྒྲོན།

བསྟན་འཛིན་ཆོས་སྒྲོན་ལགས་ནི་རྒྱ་གར་ལྡི་ལི་གསར་པའི་རྒྱལ་སྤྱི་རིགས་རྒྱུན་འཆར་འགོད་དང་སྐྱེ་དངོས་ཚན་རྩལ་ཞིབ་འཇུག་ཁང་(ICGEB)གི་ཞིབ་འཇུག་པ་གཞོན་པའི་ཕྱག་ལས་གནང་བཞིན་ཡོད། ཁོང་མོས་སྤྱི་ལོ་༡༩༩༨ལ་ལྡི་ལི་སློབ་ཆེན་མེ་རན་རྡ་སྲོག་ཆགས་ཞིབ་འཇུག་གླིང་ནས་སྲོག་ཆགས་རིག་པའི་ཐོག་ཁྱད་འཕགས་གཟེངས་ཐོན་ཤེས་རམས་པའི་བསླབ་གནས་བླངས་པ་དང་།  སྤྱི་ལོ༢༠༠༠ལ་རྗ་མི་ཨ་ཧམ་ཌར་སློབ་ཆེན་དུ་སྐྱེ་དངོས་ཚན་རྩལ་རིག་པའི་ཐོག་རབ་འབྱམས་པའི་བསླབ་གནས་བླངས། ཁོང་མོས་ཉེ་ལམ་རྒྱ་གར་ཁྲ་མིལ་ཎ་རྡུ་མངའ་སྡེའི་བྷ་ར་ཐི་རྡ་སན་སློབ་ཆེན་དུ་སྐྱེ་དངོས་སྨན་དཔྱད་ཚན་རིག་ཐོག་འབུམ་རམས་པའི་བསླབ་གནས་བླངས།
བསྟན་འཛིན་ཆོས་སྒྲོན་ལགས་སྤྱི་ལོ་༢༠༠༠ནས་རྒྱལ་སྤྱི་རིགས་རྒྱུན་འཆར་འགོད་དང་སྐྱེ་དངོས་ཚན་རྩལ་ཞིབ་འཇུག་ཁང་
(ICGEB)གི་ལས་མགོ་བརྩམས་པ་ནས་བཟུང་འབུམ་རམས་པ་Vijay Kumar་ལགས་ཀྱིས་སྣེ་ཁྲིད་པའི་འབྲས་སྐྲན་སྔོན་འགོག་ཞིབ་འཇུག་ལས་གཞི་ལ་ཧུར་བརྩོན་གྱིས་མཉམ་ཞུགས་བྱས་ཤིང་། ཁོང་མོས་ཙིག་ཆུང་དཔེ་མཚོན་ཉམས་ཞིབ་དང་ཕྲ་ཕུང་གསོ་སྐྱོང་ཉམས་ཞིབ་བྱེད་ཐབས་སྤྱད་དེ་འབྲས་སྐྲན་འགོག་བྱེད་སྨན་རྫས་དབྱེ་གསེད་ངོས་འཛིན་བྱེད་ཐབས་ཀྱི་ཆེད་ལས་ཤེས་བྱ་མི་ཉུང་བ་རྒྱུད་ལ་ཐོབ་པ་མ་ཟད།  གྲགས་ཅན་དཔྱད་བསྡུར་དུས་དེབ་སྟེང་དཔྱད་རྩོམ་གང་མང་སྤེལ་ཡོད། ཁོང་མོ་རང་ཉིད་ཀྱི་ཞིབ་འཇུག་གི་ཁ་ཕྱོགས་དང་མཐུན་པའི་བགྲོ་གླེང་ཚོགས་འདུ་ལ་རྒྱུན་ཆད་མེད་པར་ཞུགས་པར་མ་ཟད། འབྲས་སྐྲན་གསོ་བཅོས་དང་འབྲེལ་བའི་ཚན་རིག་ལས་གཞི་ཆེ་ཆུང་ཀུན་ལའང་ཧུར་བརྩོན་གྱིས་ཞུགས་ཀྱིན་ཡོད་པ་རེད།

ཨེ་ལེ་ཨོ་དྲི་ཐོད་ཁར་ནི་མིང་དུ་གྲགས་པའི་བོད་ཀྱི་སྨན་པ་དང་མཁས་པ་ཆེན་པོ། རྩོམ་པ་པོ།  འཆད་ཁྲིད་དགེ་རྒན་བ་ཞིག་ཡིན། སྤྱི་ལོ༡༩༩༤ལོ་ནས་བཟུང་ཁོང་གིས་ཨ་མེ་རི་ཁ་ནས་བོད་ཀྱི་གསོ་བ་རིག་པ་ལག་ལེན་བྱས་ཤིང་། ཁོང་ནི་ཨ་མེ་རི་ཁའི་གསོ་བ་རིག་པའི་སློབ་མའི་མཐུན་ཚོགས་ཀྱི་བློ་འདྲི་ས་དང་ཀྲིག་ཧྭོ་ཡེ་ལོའོ་སློབ་ཆེན་དང་ཕུ་ལེན་སི་ཏོན་སློབ་ཆེན། པེན་ཞིས་ཧྥ་ནིས་ཡཱ་སློབ་ཆེན་གྱི་གསོ་རིག་སློབ་གླིང་། ཉིག་ཡོ་རྩི་ཤིང་གླིང་ཀ་དང་ཡ་གླིང་མཐུན་ཚོགས་སོགས་ཀྱི་སློབ་ཆེན་ཁག་ནས་འཆད་ཁྲིད་གནང་མྱོང་། ཁོང་གི་བརྩམས་ཆོས་ནི་ཨ་མེ་རི་ཁ་དང་རྒྱལ་སྤྱིའི་རིམ་པའི་དུས་དེབ་སྟེང་བཀོད་ཡོད།。

Phone: (718) 641-7323

Mobile: (718) 483-4710

ཨེ་ལེ་ཨོ་དྲི་ཐོད་ཁར། 

Eliot Tokar

འབུམ་རམས་པ་ཀྲང་ཚཱན་ནི་ཧྭ་ཧྥུ་སློབ་ཆེན་གསོ་རིག་སློབ་གླིང་སྨྱོ་ནད་ཚན་ཁག་གི་དགེ་རྒན་ཆེན་མོ་གཞོན་པ་དང་། ཨ་མེ་རི་ཁའི་མཱ་ཧྲིན་ཙཱོན་སྨན་ཁང་གི་ཞིབ་འཇུག་པ་གཙོ་བོའི་འགན་བཞེས་ཡོད། འབུམ་རམས་པ་ཀྲང་ལགས་ཀྱི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་ཨཱ་འེར་ཚི་ཧྭེ་ནད་ཀྱི་དབང་ནུས་ཤོར་བའི་ནང་རྐྱེན་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། དམིགས་ཡུལ་ནི་འདུས་རྡུལ་དང་སྐྱེ་དངོས་རྟགས་མཚན་དངོས་བོའི་བྱེད་ཐབས་ངོས་འཛིན་བེད་སྤྱད་ནས་དེ་ཐད་ཀྱི་གསོ་བཅོས་བྱེད་སྟངས་གསར་བ་འདོན་སྤྲོད་དང་གསར་ཏུ་བཏོད་རྒྱུ་དེ་ཡིན། ནང་སྒོས་ཁྱད་པར་ཅན་ལ། འབུམ་རམས་པ་ཀྲང་ལགས་ཀྱིས་རྐྱེན་རྩ་མི་འདྲ་བ་བེད་སྤྱད་དེ་རང་བྱུང་འབྲས་སྦྱོར་རྫས་ལ་ཞིབ་འཇུག་བྱས་ཏེ་ཨཱ་འེར་ཚི་ཧྭེ་ནད་ལ་གསོ་བཅོས་བྱེད་ཐུབ་པའི་འབྲས་སྦྱོར་རྫས་གསར་བར་འཚོལ་བཞིན་ཡོད། དེ་ལས་གཞན་འབུམ་རམས་པ་ཀྲང་ལགས་ཀྱིས་སེམས་ཤུགས་ཆེ་བའམ་ལས་རྩལ་འགུལ་སྐྱོད་སོགས་རྙོག་འཛིང་ཆེ་བའི་ཁོར་ཡུག་ནང་གི་སྐྱེ་དངོས་རྟགས་མཚན་གཙོ་བོ་དང་བྱེད་ནུས་ཞིབ་འཇུག་ལའང་ཤིན་ཏུ་དགའ་མོས་བྱེད།

 

Can Zhang

ཀྲང་ཚཱན། 

ཀྲང་ཡུས། 

ཀྲང་ཡུས་ལགས་ནི་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་མི་རིགས་གསོ་རིག་སློབ་གླིང་གི་གླིང་གཙོ། མི་རིགས་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་འགན་གཙོ་དང་དགེ་རྒན་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས་ཡོད་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སུ་སྤྱོད་པའི་ཆེད་མཁས་པའང་ཡིན། ད་དུང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཚོགས་པའི་ཞིབ་དཔྱད་ཆེད་མཁས་པ་དང་ཀྲུང་གོ་གསོ་རིག་མཐུན་ཚོགས་ཀྱི་ཚན་རིག་བྱ་དགའ་ཐོབ་མཁན། ཀྲུང་གོའི་མི་རིགས་སྨན་རྫས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཡོད།  ཁོང་གི་ཞུབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི། བོད་ཀྱི་གསོ་རིག་གིས་མཐོ་སྒང་གི་ནམ་ཡམས་ཇི་ལྟར་གསོ་བཅོས་དང་གྲངས་ཉུང་མི་རིགས་ཀྱི་གསོ་རིག་སྐྱེ་དངོས་ཆ་འཕྲིན་རིག་པའི་སྐོར་ལ་ཞིབ་འཇུག་གནང་བཞིན་ཡོད། 

Zhang Yi
Surya Pierce

སོའོ་ལིས་ཡ·ཕི་འེར་སི།  

སོའོ་ལིས་ཡ·ཕི་འེར་སི་ལགས་ནི་མོ་ཞི་ཁོ་གསོ་རིག་ཚན་རྩལ་སློབ་ཆེན་གྱི་གསོ་རིག་དགེ་རྒན་ཆེན་མོ་གཞོན་པ་དང་། ཁྱིམ་ཚང་སྨན་པ་དང་སྤྱི་ཡོངས་སྨན་པའི་ (ABOIM) ཆེད་མཁས་པའི་དངོས་དཔང་ཐོབ་ཡོད། ཁོང་གི་ནད་ཐོག་ལག་ལེན་གྱི་བྱ་བ་དང་སློབ་ཁྲིད་གནང་ས་གཙོ་བོ་ནི་མོ་ཞི་ཁོ་ཀྲིག་ཏཱ་སློབ་ཆེན་གྱི་ཚེ་སྲོག་ལྟེ་བ་དང་སྣ་འཛོམས་གསོ་རིག་རིག་གཞུང་ཆེད་སྦྱོང་སྨན་བཅོས་ཁང་བཅས་རེད། སོའོ་ལིས་ཡ·ཕི་འེར་སི་ཡི་སྨན་བཅོས་གསོ་ཐབས་ལ་བློ་རྣལ་དུ་ཕབ་པའི་གསོ་བཅོས་དང་རྒྱ་གར་བའི་གསོ་བཅོས། བོད་སྨན་སྲོལ་རྒྱུན་གསོ་བཅོས་བཅས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་ཡོད། ཁོང་ཉིད་དགའ་བའི་ཆེད་ལས་ཀྱང་སྐྱེ་དངོས་གསོ་རིག་དང་ཏིང་འཛིན་སྒོམ་ལུགས་ལག་ལེན་བྱས།

ཨཱེ་ལེ་ཁིག·ཡཱ་ཀི་སོང་།   

ཨཱེ་ལེ་ཁིག·ཡཱ་ཀི་སོང་ལགས་ནི་གསོ་རིག་འབུམ་རམས་པ་དང་སྤྱི་པའི་འཕྲོད་བསྟེན་གྱི་འབུམ་རམས་པ་དང་། ཧྭ་ཧྥུ་གསོ་རིག་སློབ་གླིང་གི་མིའི་རིགས་རིག་པ་བ་དང་ནད་ཐོག་ལེན་ལན་གྱི་ཚོད་ལྟ་མཁན་ཞིག་ཡིན། ཁོང་གི་མཐར་ཕྱིན་དཔྱད་རྩོམ་ནི་སྨྱོ་ནད་ཀྱི་རང་སྣང་ཉམས་མྱོང་དང་དཔེ་མཚོན་གསོ་བཅོས་གཉིས་ཀྱི་ཞིབ་བསྡུར་ལ་རྟོག་ཞིབ་བྱས་པའི་སྐོར་བྲིས་ཡོད།

Eric Jacobson
Dylan Lott

ཏིག་ལོན· ལོའོ་ཐིག    

འབུམ་རམས་པ་ཏིག་ལོན·ལོའོ་ཐིག་ནི་བེ་སི་ཁང་ཞིན་སློབ་ཆེན་གྱི་ཡན་ལག་སློབ་གྲྭ་མཱེ་ཏིས་སོང་སེམས་ཁམས་བདེ་ཐང་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་ཡིན།  མིའི་རིགས་རིག་པ་བ་ཞིག་ཡིན་པའི་ཆ་ནས། ཁོང་གིས་ཆ་ཚང་བའི་མིའི་རིགས་ཀྱི་སྤྱི་ཚོགས་བརྙན་མིག་བརྒྱུད་ནས༼ ལོ་རྒྱུས་དང་སྐད་རིགས། ཡུལ་སྲོལ་གོམ་གཤིས   ༽རིག་གནས་དང་བསམ་པའི་འདུ་ཤེས། ལུས་ཕུང་དང་ཀླད་པའི་བར་གྱི་འབྲེལ་བ་ལ་ཉམས་ཞིབ་བྱས།  ཁོང་གི་མཐར་ཕྱིན་དཔྱད་རྩོམ་ནི་ནང་བ་སངས་རྒྱས་པ་དང་ནུབ་ཕྱོགས་ཚན་རིག་པའི་བར་གྱི་རྒྱུན་མཐུད་ཁ་བརྡ་དང་། གདུང་ཐུག་ཁ་བརྡ་དེ་རིགས་ཇི་ལྟར་ཐག་གཅོད་པའི་བསམ་གཞིག་ཞིབ་འཇུག ལྷ་སའི་ནང་བསྟན་དགེ་སྒྲུབ་གླིང་གི་སློབ་གསོ་བར་གྱི་མཉམ་འབྲེལ་བྱ་བ་ལ་ཞིབ་འཇུག་བྱས་པའི་སྐོར་བྲིས་ཡོད། ཁོང་གིས་མིག་སྔར་ཡུན་རིང་བསམ་གཞིག་དང་ལག་ལེན་གྱིས་ལོ་ན་རྒས་པའི་གོ་རིམ་དང་ཚེ་སྲོག་གི་རྒྱུན་མཇུག་བསྡུ་ཁའི་བྱེད་ཐབས་ཀྱི་ལུས་སེམས་རིག་པ་ལ་ཐེབས་པའི་ཤན་ཤུགས་ལ་ཞིབ་འཇུག་རྟོག་དཔྱད་བྱེད་བཞིན་ཡོད། ཁོང་གིས་ད་དུང་ལག་ལེན་འདི་དག་གིས་འཆི་བ་དང་གཉེན་ཉེ་འདུས་གྲོངས། མྱ་ངན་བཅས་ལ་ཐེབས་པའི་ཤན་ཤུགས་དང་མྱོང་བ་ལའང་ཞིབ་འཇུག་བྱེད་བཞིན་ཡོད།

 

འབུམ་རམས་པ་ཕུར་བ་དབང་ཕྱུག་ལགས་ནི་ཨོ་སི་ཁྲུ་ལི་ཡ་ཀྲན་མོའོ་སུ་ཁོའོ་ཁི་སློབ་ཆེན་གྱི་ (JCU) གསོ་རིག་ཞིབ་འཇུག་ཨུ་ཡོན་ཚོགས་པའི་ཞིབ་འཇུག་པ་ཡིན།  ཁོང་གིས་ཨོ་སི་ཁྲུ་ལི་ཡ་བོའོ་ལོན་ཀཱང་སློབ་ཆེན་ནས་སྨན་རྫས་རྫས་འགྱུར་ཀྱི་རྩིས་ཚན་རབ་འབྱམས་པ་དང་རང་བྱུང་ཐོན་རྫས་རྫས་འགྱུར་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས།  དུས་མཉམ་དུ་ཕུལ་བྱུང་དཔྱད་རྩོམ་ཞེས་པའི་ཁྱད་ཐོན་ཆེད་མཁས་པའི་བྱ་དགའ་ཐོབ་པར་མ་ཟད། ཏེན་མག་རྒྱལ་སྤྱིའི་རིམ་པའི་འཕེལ་རྒྱས་ཐེབས་རྩ་རོགས་སྐྱོར་ཀིག་པེན་ཧྭ་སློབ་ཆེན་གྱི་བདེ་ཐང་ཞིབ་འཇུག་ལྟེ་གནས་༼ DBL-Centre ༽ཀྱི་ཞིབ་འཇུག་བྱེད་ཐབས་སྨྲ་བའི་འབུམ་རམས་པའི་ཞིབ་འཇུག་བསླབ་གནས་བླངས།   མིག་སྔར་ཁོང་གིས་སྔོན་ཐོན་ཚན་རིག་ལག་རྩལ་དང་ཚོད་ལྟའི་དཔེ་མཚན་བེད་སྤྱད་ནས་རྫས་བཀོད་རྩི་ཤིང་དང་སྲིན་འབུམ་ལྟོ་འགྲོ།  སྲིན་འབུ་རིགས་ཀྱི་འབུ་ཕྲ་ངོ་མའི་གསར་རྙེད་དང་འདུས་རྡུལ་གྱི་རྟགས་མཚན་གྱི་ཕྲན་འབུ་དང་འདྲེས་སྦྱོར་རྫས་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཁོང་གིས་ཀྲན་མོའོ་སུ་ཁོའོ་ཁི་སློབ་ཆེན་དུ་ཕྱག་ལས་མ་གནང་གོང་ལ། ཏེན་མག་ནས་ལོ་༡༢རིང་ཕྱག་ལས་གནང་ཤིང་། རིམ་པ་མཐོ་བའི་ཞིབ་འཇུག་པ་དང་འཕྲོད་བསྟེན་ཚན་ཁག་བོད་སྨན་སྨན་ལས་ཞིབ་འཇུག་དར་སྤེལ་ཚན་ཁག་འགན་འཛིན་པའི་འགན་བཞེས་མྱོང་། གནས་དེ་ནས་བོད་སྨན་སྨན་རྫས་རིག་པའི་རྫས་བཀོད་རྩི་ཤིང་གི་ཚན་རིག་ཚོད་ལྟ་ར་སྤྲོད་དང་སྤུས་ཚད་ཚོད་འཛིན། སྐྱེ་དངོས་གསར་འཚོལ་ལ་ཁོང་ཉིད་ཐོག་མཐའ་བར་གསུམ་དུ་ཞུགས་ཡོད།
རྒྱལ་ནང་དང་རྒྱལ་སྤྱིའི་རིམ་པའི་དུས་དེབ་སྟེང་ལ་ཁོང་གིས་དཔྱད་རྩོམ་༣༣ལྷག་བཀོད་ཡོད་དེ། རྫས་བཀོད་རྩི་ཤིང་པོད་གཉིས་དང་རྩི་ཤིང་ཆེད་བརྗོད་པོད་ཆེན་གཉིས།  ཞིབ་འཇུག་གྲོས་བསྡུར་སྐོར་གྱི་དཔྱད་རྩོམ་བཞི་དང་། དེབ་གསུམ་ནང་དུ་ལེའུ་རེ་བརྩམས་གནང་ཡོད་པ་རེད། དེ་དག་ཡོད་ཚད་བོད་ཀྱི་གསོ་བ་རིག་པ་གཞི་བྱས་ཏེ་བརྩམས་པ་རེད།  ཁོང་གིས་སྔོན་ཆད་རྒྱལ་སྤྱིའི་རིམ་པའི《རང་བྱུང་སྐྱེ་དངོས་ཀྱི་སྐྱེ་འཕེལ་རང་གྲུབ་ཐོན་རྫས་རིག་པའི་སློབ་ཚག་པར། 》༼ ཐཱེ་ལི་ཧྭི་ཧྥེ་ལིང་ཞི་སི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ༽ རྩོམ་སྒྲིག་ཨུ་ཡོན་དང་། 《སྨན་ལྗོངས་གསོ་རིག་པའི་དུས་དེབ》ཀྱི་རྩོམ་སྒྲིག་པའི་འགན་བཞེས་མྱོང་།  ད་དུང་རྒྱལ་སྤྱིའི་རིམ་པའི་ཡ་གླིང་སྲོལ་རྒྱུན་གསོ་རིག་ཞིབ་འཇུག་མཐུན་ཚོགས་ཀྱི་ལས་འཛིན་ཚོགས་མི་དང་། མིང་དུ་གྲགས་པའི་རྒྱལ་སྤྱིའི་རིམ་པའི་དུས་དེབ་ཀྱི་གདན་ཞུ་དཔྱད་ཞིབ་པ་སྟེ། 《རང་བྱུང -ཚན་རིག་སྙན་ཞུ།》《མི་རིགས་སྨན་རྫས་རིག་པའི་དུས་དེབ། 》དང་༼ Elsevier ༽《BMCཁ་སྣོན་དང་ཚབ་བྱེད་གསོ་རིག་དུས་དེབ། 》《མི་རིགས་སྐྱེ་དངོས་རིག་པ་དང་གསོ་རིག་རིག་པ། 》《རང་བྱུང་བརྡ་སྐྱེལ་ཐོན་རྫས། 》《རྒྱལ་སྤྱི་རིམ་པའི་གཞན་རྟེན་སྲིན་འབུ་རིག་པའི་དུས་དེབ། 》《རྩི་ཤིང་རིག་པའི་བཏང་ཡིག》《པུའུ་ཏན་བདེ་ཐང་དུས་དེབ།》སོགས་སོ། །
འབུམ་རམས་པ་ཕུར་བ་དབང་ཕྱུག་ལགས་ཀྱི་བླ་ན་འཕགས་པའི་ཞིབ་འཇུག་འབྲས་བུས་འདུས་ཟིན་པའི་ལོ་འཁོར་ལྔའི་རིང་ལ་དངུལ་གྱི་བྱ་དགའ་རིགས་ཐེངས་གསུམ་དང་སྐུལ་ལྕགས་བྱ་དགའ་རིགས་༧ལྷག་ཐོབ་མྱོང་། ཁོང་ལ་ཐོབ་པའི་ཆེས་སྙན་གྲགས་ཆེ་བའི་དངུལ་གྱི་བྱ་དགའ་ལ་གསོ་རིག་ཞིབ་འཇུག་གི་ལས་འཛིན་ལྷན་ཚོགས་ཀྱི་ཕི་ཏིག·ཏོའོ་ཧི་ཐིའུ་སྐྱེ་དངོས་རིག་པའི་དངུལ་གྱི་བྱ་དགའ་༼  ༢༠༡༥-༢༠༡༨  ༽དང་ཨོ་སི་ཁྲུ་ལི་ཡའི་ཧུར་བརྩོན་བྱ་དགའ། ༼  ༢༠༡༠-༢༠༡༤ ༽
ད་དུང་ཁོང་ལ་རྒྱལ་སྤྱིའི་རིམ་པའི་ཚོགས་འདུ་སྟེང་ལ་འཆད་འཁྲིད་གནང་བར་གདན་ཞུ་མགྲོན་ཤོག་མང་པོ་འབྱོར་ཞིང་། སྤྱི་ལོ༢༠༡༦ལོར་ཁོང་མོ་ལ་ཀི་རི་སི་༼སྲིན་འབུ་འདུས་རྡུལ་དང་ཕྲ་ཕུང་སྐྱེ་དངོས་རིག་པའི་ཆེས་ལེགས་པའི་རྒྱ་ཁྱབ་བརྡ་སྦྱོར་གྱི་བྱ་དགའ་ཐོབ་པ་དང་།  ༢༠༡༢ལོར་ཞི་པན་ཡ་ནས་རྩི་ཤིང་རྫས་འགྱུར་རིག་གཞུང་ལྷན་ཚོགས་ཀྱི་ཆེས་ལེགས་པའི་འཕྲིན་གཏོང་བྱ་དགའ་ཐོབ།

ཕུར་བ་དབང་ཕྱུག    

Phurpa   Wangchuk
Dr. Yangbum Gyal

གཡང་འབུམ་རྒྱལ།

གཡང་འབུམ་རྒྱལ་ནི་བོད་ལུགས་གསོ་རིག་འབུམ་རམས་པ་དང་རྒྱ་ནག་སྐམ་ཁབ་དཔྱད་བཅོས་རབ་འབྱམས་སྨན་པ་ཞིག་ཡིན། ཁོང་ལ་བོད་ཀྱི་གསོ་རིག་ཐད་ནས་མི་ལོ་༢༠ ལྷག་གི་ལག་ལེན་ཉམས་མྱོང་ལྡན་ལ། དེང་སྐབས་ཨ་རིའི་ཝི་སི་ཀོན་སིན་མངའ་སྡེའི་མལ་སྒྲི་སིན་གྲོང་ཁྱེར་དང་སི་པུ་རིན་གྷི་རིན་ས་ཁུལ་གྱི་སྨན་བླ་སྨན་སྦྱིན་ཁང་། ཆི་ཁ་རྒོ་གྲོང་ཁྱེར་གྱི་ཚེ་སྲོག་གསོ་བཅོས་ཁང་བཅས་སུ་བོད་སྨན་དང་སྐམ་ཁབ་ལག་ལེན་བྱེད་བཞིན་ཡོད།  ཁོང་ནི་ཀྲུང་གོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གསོ་རིག་སློབ་གྲྭ་ནས་བོད་ཀྱི་གསོ་རིག་ཐོག་ཤེས་རམས་པའི་བསླབ་གནས་བླངས། རྒྱ་གར་གྱི་བོད་ལུགས་གསོ་རིག་དང་སྐར་རྩིས་རིག་པའི་སློབ་གླིང་ནས་བོད་ཀྱི་གསོ་བ་རིག་པའི་ཐོག་འབུམ་རམས་པའི་བསླབ་གནས་བླངས་པ་དང་། ཨ་རིའི་ཝི་སི་ཀོན་སིན་མངའ་སྡེའི་དཀྱིལ་ནུབ་ཤར་ཕྱོགས་གསོ་རིག་སློབ་གླིང་དུ་སྐམ་ཁབ་སྨན་དཔྱད་ཐོག་རབ་འབྱམས་པའི་བསླབ་གནས་བླངས་ཡོད།
སྔོན་ཆད་ཁོང་གིས་ཀྲུང་གོ་མཚོ་སྔོན་ཞིང་ཆེན་འདབ་བཞི་ས་ཁུལ་གྱི་ཧར་རྗིན་སྨན་ཁང་དང་། རྒྱ་གར་དང་བལ་ཡུལ་ཁུལ་གྱི་སྨན་རྩིས་ཁང་བཅས་སུ་བོད་ལུགས་གསོ་རིག་གི་སྨན་པའི་འགན་བཞེས་མྱོང་བ་མ་ཟད། ཨ་རིའི་ཨིན་ཌི་ཡ་ན་གཙུག་ལག་སློབ་ཆེན་༼སྦི་ལོམ་མིན་ཊོན༽དུ་བོད་སྐད་ཡིག་དང་གསོ་རིག་གི་སློབ་ཁྲིད་གནང་མྱོང་བ་དང།  ད་ལྟ་ཁོང་གིས་ཨ་རིའི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་   

༼མལ་སྒྲི་སིན༽གྱི་རིག་གཞུང་དང་སྐད་ཡིག་སྡེ་ཁག་ཏུ་ཕྱག་ལས་གནང་བཞིན་ཡོད། ༼བོད་ཀྱི་གསོ་བ་རིག་པ་ལས་སྔོ་ཚལ་གྱི་ཕན་ཡོན་དང་ལག་ལེན་༽ཞེས་པའི་དཔེ་དེབ་པོད་གཅིག་རྩོམ་གནང་མཛད་པར་མ་ཟད། བོད་ཀྱི་གསོ་རིག་དང་བདེ་ཐང་གནད་དོན་དང་འབྲེལ་བའི་དཔྱད་རྩོམ་མང་པོ་སྤེལ་མྱོང་ཡོད། གཞན་ཡང་ཨུ་རུ་སུའི་སྒྲུང་རྩོམ་གྲགས་ཅན་༼ཨེ་ཝན་ཌེ་ནེ་སོ་ཝི་ཆིས་ཀྱི་མི་ཚེ་ལས་ཉིན་གཅིག་༽(One Day in the Life of Ivan Denisovich) ཅེས་པ་བོད་སྐད་དུ་ཕབ་བསྒྱུར་གྱིས་དཔར་སྐྲུན་ཡང་བྱས་ཡོད། 

ཞིན་ཞི་ཡཱ·ཁྲུ་སི་ཏིས་ལགས་ནི་སྤྱི་ལོ་༡༩༩༠ལོར་ཡུས་ལི་རོའོ་ཡུས་སློབ་ཆེན་ནས་དངོས་ལུགས་རྫས་འགྱུར་འབུམ་རམས་པའི་བསླབ་གནས་བླངས་ཤིང་། ཁོང་མོའི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་རྐང་དམར་སྣུམ་ཚིལ་དང་འགོས་སླ་བའི་སྲ་འགྱུར་ནད་རིགས་ལ་ཞིབ་འཇུག་བྱེད་བཞིན་ཡོད།   ཁོང་མོ་ཅཱ་ལིས་ཧྥོ་ནུ་ཡཱ་ཀྲིག་ཧྥེ་ལིང་ཞི་སི་ཁོའོ་སློབ་ཆེན་ནས་༼ དབང་རྩའི་རྟགས་མཚན་དང་འགོས་སླ་བའི་སྲ་འགྱུར་ནད།  ༽འབུམ་རམས་པ་ཕྱི་མའི་བསླབ་གནས་བླངས་རྗེས། ཅཱ་ཀྲིག་སློབ་ཆེན་གྱི་ཡན་ལག་སློབ་གྲྭ་ཧྲིན་པཱ་པཱ་ལཱ་རུ་སོང་སྟེ་དབང་རྩ་ནུས་འགྱུར་ནད་རིགས་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་པའི་འགན་བཞེས།  ཅཱ་ཀྲིག་སློབ་ཆེན་ནས་ཁོང་མོས་ཕྱོགས་གཅིག་ནས་བློ་སེམས་རྩེ་གཅིག་གིས་སྐྱེ་དངོས་བཟོ་སྐྲུན་ལ་ཞིབ་འཇུག་དང་། ཕྱོགས་གཅིག་ནས་འབུམ་རམས་པ་བློ་བཟང་ལགས་དང་མཉམ་གྱིས་བོད་སྨན་ལ་ཞིབ་འཇུག་བྱས་པར་མ་ཟད། ལོ་ངོ་༢༠ཉེ་བར་འབུམ་རམས་ཁོང་དང་མཉམ་དུ་ཞིབ་འཇུག་གི་བྱ་བ་སྒྲུབ།   བྱེད་ནུས་ཀུན་འཛོམས་ཀྱི་གསོ་རིག་ཁྱབ་ཁོངས་ནས་འབུམ་རམས་པ་ཁྲུ་སི་ཏིས་ལགས་ནི་ཨུ་ཡོན་ལྷན་ཚོགས་ཀྱིས་ཆེས་ཡིད་ཆེས་ཐོབ་པའི་སྨན་པ་རེད། ད་ལྟ་ཁོང་མོས་སྒེར་གཉེར་གསོ་བཅོས་ཁང་ཞིག་གཉེར་བཞིན་ཡོད་པར་མ་ཟད་ཁེ་གཉེར་མིན་པའི་ཏིས་ལེ་ཁིག་ཐོ་འཛམ་གླིང་བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་པའི་འགན་ཡང་བཞེས་ཡོད།  ཁོང་མོའི་ཐོག་མའི་ལས་རྐང་ནི་ནད་གཞི་ལྕི་བའི་ནད་ཁང་གི་ནད་གཡོག་མ་ཞིག་ཡིན་མོད། སྤྱི་ལོ་༡༩༨༧ལོར་ཐོག་མར་བོད་ཡུལ་ལ་ཐོན་ནས་བོད་ཀྱི་གསོ་རིག་གིས་ཁོང་མོ་ལགས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱས་སོང་།

ཞིན་ཞི་ཡཱ·ཁྲུ་སི་ཏིས།   

Cynthia Husted

རིན་ཆེན་དོན་གྲུབ།

རིན་ཆེན་དོན་གྲུབ་ལགས་ནི་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་དང་བོད་ལུགས་གསོ་རིག་གི་འབུམ་རམས་པ་ཡིན། ཁོང་གིས་གཙོ་བོ་བོད་ལུགས་གསོ་རིག་སློབ་ཁྲིད་དང་ནད་ཐོག་ལག་ལེན་ལ་ཞིབ་འཇུག་བྱེད་བཞིན་ཡོད།  ཁོང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་བོད་ལུགས་གསོ་རིག་གི་བསླབ་དེབ་ཀྱི་རྩོམ་སྒྲིག་བྱ་བ་ལ་ཞུགས་༼ རྩོམ་སྒྲིག་པ་གཙོ་གཞོན།  ༽པར་མ་ཟད། བོད་ཀྱི་གསོ་རིག་སྐོར་གྱི་དཔྱད་བརྗོད་རྩོམ་ཡིག་༣༠ལྷག་སྤེལ་ཡོད།  མིག་སྔར་ཁོང་གིས་འཛམ་གླིང་ཀྲུང་མཐུན་བོད་ལུགས་གསོ་རིག་ཆེད་ལས་ཨུ་ཡོན་གྱི་དྲུང་ཡིག་གི་འགན་བཞེས་ཡོད་པ་དང་མཉམ་དུ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་ཚོགས་པའི་༨༡༤༦༠༧༨ལས་གཞི་ཡི་འགན་ལེན་པའང་ཡིན།  ལས་གཞི་འདི་ནི་དལ་བའི་རང་བཞིན་གྱི་ཕོ་ཁུམ་གཉན་ཚད་ཕོགས་པའི་ནད་པའི་ངོས་འཛིན་དང་བོད་ལུགས་གསོ་རིག་གི་བདེན་སྤྲོད་རང་བཞིན་ལ་ཞིབ་འཇུག་བྱེད་བཞིན་ཡོད།

Rinchen Dhondrup
Tsering Namgyal

ཚེ་རིང་རྣམ་རྒྱལ།

འབུམ་རམས་པ་ཚེ་རིང་རྣམ་རྒྱལ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཡིན། ཉེ་ལམ་ཁོང་གིས་གཙོ་བོ་བོད་སྨན་སྨན་སྦྱོར་གྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་བཞིན་ཡོད་ལ།  བོད་ཡིག་དང་རྒྱ་ཡིག་ལམ་གཉིས་ནས་དེ་སྐོར་གྱི་རྩོམ་ཡིག་མང་པོ་སྤེལ། དཔེར་ན། བོད་སྨན་སྨན་སྦྱོར་གྱི་ཆོས་ཉིད་ཞིབ་འཇུག་ཁྲོད་ཀྱི་རིག་ལམ་དང་བྱེད་ཐབས་སྐོར་གྱི་ལག་རྩལ་སྔོག་འདོན། 《གསོ་རིག་རྒྱུད་བཞི》གཞིར་བཟུང་ནས་མཆིན་པའི་འབྲས་སྐྲན་གསོ་བཅོས་ཀྱི་ཆོས་ཉིད་ཞིབ་འཇུག་སོགས་ཡོད།   ཁོང་གིས་ད་དུང་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ནས་བོད་སྨན་འདྲི་རྟོག་ཐུབ་པའི་མ་ལག་ཤིག་ཞིབ་འཇུག་དང་གསར་གཏོད་བྱས་ཡོད། མ་ལག་དེ་ལས་བོད་སྨན་དང་དེ་དག་གི་ཕན་ནུས་དང་སྡེབ་ཁའི་ཆ་འཕྲིན་སོགས་འདྲི་རྟོག་བྱེད་ཐུབ།

 

ཧྲི་ཏིས་ཧྥེན·ཁིག་ལོ་སི་ལགས་ནི་གསོ་རིག་མིའི་རིགས་རིག་པ་བ་ཞིག་ཡིན་ལ་ཝི་ཨེན་ནཱ་ཨོ་སི་ཁྲུ་རི་ཡའི་ཚན་རིག་གླིང་ནས་སྤྱི་ཚོགས་མིའི་རིགས་རིག་པའི་བྱ་བ་སྒྲུབ་བཞིན་ཡོད། ཁོང་ལ་༢༠༡༠ལོར་ཅཱ་ཀྲིག་སློན་ཆེན་གྱི་ཡན་ལག་སློབ་གྲྭ་པོའོ་ཁིག་ལི་དང་ཅོའུ་ཅིན་ཧྲན་ནས་འབུམ་རམས་པའི་བསླབ་གནས་བླངས། ཁོང་གིས་བོད་སྨན་གྱི་ལོ་རྒྱུས་དང་འཕེལ་རྒྱས་སྐོར་ལ་ཞིབ་འཇུག་དང་བྲིས་རྩོམ་གནང་ནས་ལོ་འཁོར་༡༥འགོར།     ༢༠༡༤ལོ་ནས།   ཁོང་གིས་དབུ་ཁྲིད་པའི་ ERC སྒུལ་གཏོང་ལས་གཞི་ RATIMED ཡིས་སྐུལ་ཁྲིད་བྱས་བས་རྒྱལ་ཁོངས་ལས་བརྒལ་བའི་སྲོལ་རྒྱུན་བོད་ལུགས་གསོ་རིག་ཐོན་ལས་རྒྱ་གར་དང་ཀྲུང་གོ  མོང་གོལ།  འབྲུག་རྒྱལ་ཁབ་སོགས་སུ་འཕེལ་རྒྱས་སུ་བཏང་།

 

ཧྲི་ཏིས་ཧྥེན· ཁིག་ལོ་སི།  

Stephan Kloos
Cynthia M. Beall

ཞིན་ཞིས་ཡཱ·པི་འེར།

ཞིན་ཞིས་ཡཱ·པི་འེར་ལགས་ནི་མིང་དུ་གྲགས་པའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཞིག་ཡིན་པར་མ་ཟད། སྒྱུ་རྩལ་ཚན་རིག་སློབ་གླིང་གི་མིའི་རིགས་རིག་པའི་དགེ་རྒན་ཆེན་མོའང་ཡིན།  ཁོང་མོ་ནི་ཨ་རི་ཚན་རིག་སློབ་གླིང་གི་རིག་གཞུང་དུས་དེབ་༼  ༡༩༩༧ལོ ༽ཀྱི་གཟི་ལྡན་འདེམ་སྒྲུག་ཨུ་ཡོན་དང་ཨ་རི་རྒྱལ་ཁབ་ཀྱི་ཚན་རིག་སློབ་གླིང་། ༼ ༡༩༩༦ལོ ༽ ཨ་རི་མཚན་ཉིད་རིག་གཞུང་ལྷན་ཚོགས། ཨ་རི་སྒྱུ་རྩལ་ཚན་རིག་སློབ་གླིང་བཅས་ཀྱི་ཕུལ་དུ་བྱུང་བའི་ཁོངས་མི་ཡིན།  ཁོང་མོའི་ཞིབ་འཇུག་བྱ་ཡུལ་ནི་མིའི་རིགས་ཁོར་ཡུག་དང་འཕྲོད་པའི་ནུས་ཤུགས་དང་ཨན་ཏིས་སི་རི་རྒྱུད་ཀྱི་ས་བབས་མཐོ་བའི་མཐོ་སྒང་ལ་ལྟ་ཞིབ། བོད་ལྗོངས་དང་ཧྥེ་གླིང་ཤར་མའི་མི་གྲངས་ཁྱབ་སྟངས། བལ་ཡུལ་བོད་རིགས་དང་བོད་ལྗོངས་བོད་རིགས་རང་སྐྱོང་ཁུལ་ཀྱི་བོད་རིགས་དང་མཉམ་དུ་བྱ་བ་སྒྲུབ་སྐབས། ཁོང་མོ་དང་ཁོང་མོའི་ལས་གྲོགས་ཀྱིས་ས་བབས་མཐོ་ས་ནས་ལོ་ངོ་༡༠༠༠༠ལྷག་ལ་གཞི་སྡོད་བྱས་བའི་བོད་མིའི་ལུས་སྟེང་ན་གཞན་དང་མི་མཐུན་པའི་སྐྱེ་དངོས་རྟག་མཚན་ཞིག་ཡོད་པ་ཤེས་རྟོགས་བྱུང་།

 

རིག་འཛིན་ཚེ་བརྟན།

འབུམ་རམས་པ་རིག་འཛིན་ཚེ་བརྟན་ལགས་ནི་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་ཀྲུང་བོད་སྨན་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་པ་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གསོ་བ་རིག་པའི་ཆེད་སྦྱོང་རིགས་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ། མཚོ་སྔོན་ཞིང་ཆེན་གྱི་༼ ཀོ་རེ་ཀུན་མཁས་འཇོན་མི་ཁྲི་སྟོང་གསར་སྐྲུན་ཇུས་གཞི། ༽ཆོག་མཆན་ཐོབ་པའི་ཀུན་མཁས་འཇོན་མི་ཐོག་མ་ཡིན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཆེས་མཐོ་སློབ་གྲྭའི་རྐང་འཛིན་དགེ་རྒན་ཡིན།

ReZeng Caidan
Thomas Liu

འབུམ་རམས་པ་ཐོའོ་མཱ་སི· ལིག

འབུམ་རམས་པ་ཐོའོ་མཱ་སི·ལིག་ལགས་ནི་འཕྲོ་འོད་རིག་པ་བ་དང་སྨྱོ་ནད་རིག་པ་བ་ཞིག་ཡིན། ཅཱ་ཀྲིག་སློབ་ཆེན་གྱི་ཡན་ལག་སློབ་གྲྭ་ཧྲིན་ཏིས་ཡཱ་ཀིག་ (UCSD) སྐྱེ་དངོས་བཟོ་སྐྲུན་རིག་པའི་ཆེད་མཁས་པ་དང་སློབ་གྲྭ་དེ་གའི་ (FMRI) ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་པ་ཡིན། ཁོང་གི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་ཀླད་པའི་ལུས་ཁམས་དང་ནུས་པ་ལ་ཞིབ་འཇུག་བྱེད་བཞིན་ཡོད།

 

ཞིས་ཨན་ནཱ· ཁིག་ལེ་ཀིག་ལགས་ནི་ཏཱ་ཐིག་མོའོ་སི་སློབ་གླིང་གི་མིའི་རིགས་རིག་པའི་སྡེ་ཁག་གི་དགེ་རྒན་ཆེན་མོ་གཞོན་པ་དང་།  གསོ་བ་རིག་པ་དང་མིའི་རིགས་རིག་གནས་རིག་པ་ཆེད་མཁས་པ་ཡིན། ཁོང་མོས་དཔེ་ཆ་མང་པོ་བརྩམས་ཡོད་དེ། 《བོད་ཀྱི་གསོ་རིག་སྨན་བཅོས་དང་སྤྱི་ཚོགས་ཕན་འབྲས། 》༼༢༠༡༢ ༽《གློག་ཞག་དང་འདྲ་བའི་རྟ་མཆོག》༼༢༠༠༨ ༽༼རི་བོ་ཧི་མ་ལ་ཡ་བརྒལ་བའི་གཏམ་རྒྱུད།  ༽《ཚན་རིག་དང་ཆོས་ལུགས་བར་གྱི་གསོ་བ་རིག་པ། 》༼༢༠༡༠ ༽༼ བོད་ལྗོངས་ཀྱི་ཡུལ་དབུས་འཚོལ་ཞིབ། ༽བཅས་ཀྱི་མཉམ་སྒྲུབ་རྩོམ་སྒྲིག་པ་དང་། 《ཧི་མ་ལ་ཡ》དུས་དེབ་ཀྱི་མཉམ་སྒྲུབ་རྩོམ་སྒྲིག་པ། ད་དུང་ DROKPA ཡི་མནའ་མཐུན་གསར་གཏོད་མཁན།  རྩ་འཛུགས་འདི་ཡིས་ཧི་མ་ལ་ཡའི་གཞི་རིམ་འཕེལ་རྒྱས་དང་སྤྱི་ཕན་བྱེད་སྒོ་གསར་སྤེལ་ལ་རོགས་སྐྱོར་བྱེད་བཞིན་ཡོད།

ཞིས་ཨན་ནཱ· ཁིག་ལེ་ཀིག 

Sienna Craig
Lobsang Dhondup

བློ་བཟང་དོན་གྲུབ།

འབུམ་རམས་པ་བློ་བཟང་དོན་གྲུབ་ནི་༡༩༨༨ལོར་བོད་ལྗོངས་ལྷ་སའི་བོད་ལུགས་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན། སློབ་མཐར་ཕྱིན་རྗེས་མོང་གོལ་ལ་གནས་སྤར་ཅིང་མོང་གོལ་གསོ་རིག་ཚན་ཁག་སློབ་ཆེན་དང་སྨན་པ་གྲྭ་ཚང་སློབ་གླིང་གི་བོད་མོང་གསོ་བ་རིག་པའི་དགེ་རྒན་ཆེན་མོའི་འགན་བཞེས། འབུམ་རམས་པ་དོན་གྲུབ་༡༩༩༩ལོར་ཨ་མེ་རི་ཁར་གནས་སྤར་ཏེ་མ་འགྱངས་པར་འབུམ་རམས་པ་ Cynthia Husted ལགས་དང་མཉམ་འབྲེལ་བྱེད་འགོ་བརྩམས། ཐོག་མར་ཅཱ་ལིས་ཧྥོ་ནིས་ཡ་སློབ་ཆེན་གྱི་ཧྲིན་པཱ་པཱ་ལར་མཉམ་འབྲེལ་བྱས་ཏེ་ཞིབ་འཇུག་བྱས། ད་ལྟ་ཁོང་ཅག་ཐུན་མོང་ནས་སྒེར་བཙུགས་སྨན་བཅོས་ཁང་དང་ཁེ་གཉེར་མིན་པའི་རྩ་འཛུགས“འཛམ་གླིང་བོད་ལུགས་གསོ་རིག་ཞིབ་འཇུག་གླིང་། ”བཙུགས་ཡོད།  རྩ་འཛུགས་འདིས་གཙོ་བོ་བོད་ལུགས་གསོ་རིག་གི་ཉར་ཚགས་དང་སློབ་གསོ། ཞིབ་འཇུག་བཅས་ལ་དོ་ཁུར་བྱེད་བཞིན་ཡོད།  འབུམ་རམས་པ་དོན་གྲུབ་ལགས་ཀྱིས་གསོ་རིག་ཐད་ཀྱི་ལས་འཛིན་བདེན་སྤྲོད་སློབ་ཚན་བྱེད་ནུས་ཐག་གཅོད་བྱས་པར་མ་ཟད། བོད་ལུགས་སྨན་བཅོས་དང་བོད་ལུགས་གསོ་རིག་ཞིབ་འཇུག  སྔོན་ཐོན་ཅན་གྱི་ནུབ་ཕྱོགས་པའི་སྐྱེ་དངོས་གསོ་རིག་མ་ལག་ཞིབ་འཇུག་ལ་ནུས་ཤུགས་ཡོད་རྒུ་བཏོན་དང་འདོན་བཞིན་ཡོད།

ཏོན་ཨན·ཁཱ་སི་ཨར་ལགས་ནི་གཞི་གྲངས་དབྱེ་ཞིབ་ཀྱི་དགེ་རྒན་དང་ལོ་རྒྱུས་སྨྲ་བ་བོ། ISHAR གསར་སྐྲུན་བྱས།  ཁོང་གིས་སྔོན་ཆད་རིག་གཞུང་གཅིག་པའི་དཔྱད་བརྗོད་སྟོང་ཕྲག་ལྷག་ལ་ཕན་ཚུན་དཔེ་ལྟོས་ཀྱི་སྒོ་ནས་ཞིབ་ཕྲ་ཅན་གྱི་དཔྱད་བརྗོད་རྩོམ་ཡིག་བཅུ་ལྷག་བྲིས་ཡོད། འདུ་ཤེས་དང་རྙོག་འཛིང་ཅན་གྱི་གཞུང་ལུགས་དང་འབྲེལ་བ་ཡོད་པའི་རྩོམ་ཡིག་སྤེལ་ཅིང་གྲོས་ཚོགས་མང་པོ་སྟེང་གཏམ་བཤད་གནང་མྱོང་།  ལོ་༥རིང་ལ་ཁེ་གཉེར་མིན་པའི་རིག་གཞུང་རྩ་འཛུགས་སྒྲུབ་པ་རེད།

ཏོན་ཨན · ཁཱ་སི་ཨར།

Ryan Castle
Katharina Sabernig

ཁཱ་ཐིག་ལི་ནཱ·སཱ་པུའུ་ཉི་ཀིག     

འབུམ་རམས་པ་ཁཱ་ཐིག་ལི་ནཱ·སཱ་པུའུ་ཉི་ཀིག་ལགས་ནི་ཝེ་ཨེན་ནཱ་སློབ་ཆེན་གྱི་གསོ་རིག་སློབ་གླིང་དང་ཨོ་སི་ཁྲུ་རི་ཡ་ཚན་རིག་སློབ་གླིང་གི་སྤྱི་ཚོགས་མིའི་རིགས་རིག་པ་ཞིབ་འཇུག་ཁང་གི་མཐོ་རིམ་འཆད་ཁྲིད་དགེ་རྒན་ཡིན། ཁོང་མོས་ད་དུང་ཝེ་ཨེན་ནཱ་ཡི་མངའ་ཁོངས་མི་གཅིག་པའི་རིག་གཞུང་སྒྲིག་གཞི་ཁང་གང་མང་ཞིག་གི་བོད་ལུགས་གསོ་རིག་དང་གསོ་རིག་ཐ་སྙད། བདེ་ཐང་གནད་དོན་སྐོར་གྱི་གཏམ་བཤད་དགེ་རྒན་གྱི་འགན་ཡང་བཞེས་ཡོད།   ཨོ་སི་ཁྲུ་རི་ཡ་ཚན་རིག་རོགས་དངུལ་ཐེབས་རྩ་ཚོགས་པའི་༼ FWF  ༽ལས་གཞིའི་འགན་འཛིན་པ། ལས་གཞི་དེ་ནི་བླ་བྲང་དགོན་པའི་གསོ་རིག་སྡེབ་རིས་དང་རྒྱལ་དབང་སྐུ་ཕྲེང་ལྔ་བའི་བླ་སྨན་པའི་གཤགས་ལས་ལག་རྩལ་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཁོང་མོའི་དགའ་ཕྱོགས་གཙོ་བོ་ནི་དཔེ་གཟུགས་སུ་བཀོད་པའི་གསོ་རིག་ཤེས་བྱ་དང་ལོ་རྒྱུས།  ཐ་སྙད། གསོ་བཅོས་སྐོར་དང་ལྷག་པར་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ཀྱི་བྱ་བཞག་ལ་ཤིན་ཏུ་དགའོ། །

 

སྨན་སྐྱིད་མཚོ་མོ་ལགས་ནི་ལྷ་ས་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཡིན། ཁོང་མོས་ཉིག་ཅིན་སློབ་ཆེན་དང་ཨོ་སི་ཁྲུ་ལི་ཡའི་ཚན་རིག་སློབ་གླིང་གི་འབུམ་རམས་པ་ཕྱི་མའི་ཞིབ་འཇུག་མཁན་དང་། ཧོན་པོའོ་ཐིག་༼ འཇར་མན ༽སློབ་ཆེན་གྱི་བོད་ལུགས་གསོ་རིག་དང་ TAR༼ བོད་ལྗོངས་ས་ཁུལ ༽སྤྱི་པའི་འཕྲོད་བསྟེན་གྱི་འབུམ་རམས་པའི་བསླབ་གནས་བླངས། ད་དུང་བོད་ལུགས་གསོ་རིག་གི་ཤེས་རམས་པ་དང་རབ་འབྱམས་པའི་བསླབ་གནས་དང་ནུབ་ཕྱོགས་སྤྱི་པའི་འཕྲོད་བསྟེན་༼ ཞེའེ་ཧྤེ་ཨེར་ཏིག དབྱིན་ཇི། ༽གྱི་རབ་འབྱམས་པའི་བསླབ་གནས་བླངས།
༡༩༩༨ལོ་ནས་༢༠༠༥ལོའི་བར། ཁོང་མོ་ལྷ་ས་ནས་ཐེངས་དུ་མར་རྒྱལ་སྤྱི་རིམ་པའི་གསོ་རིག་ཞིབ་འཇུག་ལས་གཞི་ལ་ཞུགས་མྱོང་ཞིང་།  ལྗོངས་ཞིང་ལྔའི་དངོས་གཞིའི་སློབ་མར་མོ་ནད་སྐོར་གྱི་བསླབ་དེབ་བརྩམས་ཤིང་དུས་མཉམ་དུ་དེ་སྐོར་གྱི་ཆེད་རྩོམ་ཀྱང་མང་པོ་བྲིས། ཁོང་མོ་ལ་ཁོ་མོ་རང་ཉིད་དང་མཉམ་སྒྲུབ་ཀྱིས་བརྩམས་པའི་དེབ་གསུམ་ཡོད། ༼  《བོད་ལུགས་གསོ་རིགས་ཞིབ་འཇུག    བོད་ལུགས་གསོ་རིག་གི་ད་ལྟའི་གནས་སྟངས་དང་མ་འོངས་པའི་ཐབས་ཇུས།》དང་《བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་གསོ་རིག་སྣ་མང་རིང་ལུགས་ཞིབ་འཇུག》《ལྷ་སའི་ཐེངས་བཅུ་གཅིག་པའི་རྒྱལ་སྤྱིའི་བོད་སྨན་ཞིབ་འཇུག་གྲོས་བསྡུར་དཔྱད་རྩོམ་རྩོམ་བཏུས། 》  རྩོམ་ཡིག་ཉི་ཤུ་ལྷག་ཀྲུང་གོ་དང་རྒྱལ་སྤྱིའི་རིམ་པའི་རིག་གཞུང་དུས་སྟེང་སྤེལ་ཡོད། སྨན་སྐྱིད་མཚོ་མོ་ལགས་སྨན་པ་ཞིག་ཡིན་པའི་ཆ་ནས་ལོ་ངོ་༢༠རིང་ལ་བོད་ལྗོངས་དང་ནུབ་ཕྱོགས་ས་ཁུལ་སོགས་སུ་སོང་སྟེ་དལ་བའི་རང་བཞིན་གྱི་ནད་རིགས་སྣ་ཚོགས་ལ་གསོ་བཅོས་བྱས།

 

སྨན་སྐྱིད་མཚོ་མོ།

Mingji Cuomu
Vinny Minichiello

ཝིན་ཉི· སྨི་ཉི་ཆིས་ལོའོ།

འབུམ་རམས་པ་ཝིན་ཉི· སྨི་ཉི་ཆིས་ལོའོ་ལགས་ནི་ཨུ་ཡོན་ཚོགས་པ་ཞིག་གིས་བདེན་སྤྲོད་བྱས་པའི་ཁྱིམ་ཚང་སྨན་པ་ཞིག་ཡིན། མིག་སྔར་མེ་ཏིས་ཞོན་ཝེ་སི་ཁིང་ཞིན་སློབ་ཆེན་དང་ཁྱིམ་ཚང་སྨན་རྫས་དང་གཞིས་སྡེ་བདེ་ཐང་ལྟེ་གནས་ཀྱི་ཞིབ་འཇུག་པ་ཡིན། ཁོང་གིས་ཞིབ་འཇུག་བྱེད་སྒང་ལ་ཧྭ་ཧྲིན་ཏོང་སློབ་ཆེན་ནས་བདེ་ཐང་འདུ་ཤེས་ཀྱི་དགེ་རྒན་གསབ་སྦྱོང་འཆར་གཞི་ལ་ཞུགས་ཤིང་། སྐབས་དེ་ལ་གནོན་འཐེན་གསོ་བཅོས་དགེ་རྒན་གསབ་སྦྱོང་ཉམས་མྱོང་གིས་ཁོང་གི་ཞིབ་འཇུག་ལ་སྐུལ་ལྕགས་མི་དམན་པ་ཐོབ། ཁོང་གིས་ལས་གཞི་འགན་འཛིན་པ་ Bruce Barrett ལགས་དང་མཉམ་དུ་བྱ་བ་སྒྲུབ་སྟེ། སྐྱེ་དངོས་རྟགས་འགོད་དང་ཤེས་ཚོར་ནུས་པ་དང་འབྲེལ་བ་ཡོད་པ་ལ་དཔྱད་བསྡུར་བྱས་ཏེ་བསྡོམས་རྩིས་བླངས། ཁོང་གིས་ད་དུང་ཁྱིམ་ཚང་སྨན་པ་བྱས་ཏེ་ལོ་གཅིག་འགོར་བའི་བསམ་ཚུལ་རྨང་གཞི་བྱས་ཏེ་སྦྱོང་བརྡར་བྱེད་པ་ཞིབ་འཇུག་གསར་སྤེལ་བྱས་པ་རེད། ཁོང་གིས་མིག་སྔར་སྣ་འཛོམས་བྱེད་ཐབས་བཀོལ་ནས་ལས་གཞི་འདིའི་སྦྱོང་བརྡར་གྱི་ལག་བསྟར་བྱས་ཆོག་པ་གང་དང་ཕན་འབྲས་ལ་དཔྱད་བསྡུར་བྱེད་བཞིན་ཡོད། དེ་ལས་གཞན། ༢༠༡༧ལོའི་ཟླ༥བར་ཁོང་གི་གསོ་རིག་སློབ་གླིང་ནས་སྐམ་ཁབ་སློབ་ཁྲིད་ཡོངས་སུ་ཁྲིད་ཚར། མཱ་ས་ཀྲོ་སེའེ་ཀྲིག་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་ཁོང་རང་པོའོ་ཧྲི་ཏོན་རུ་ཁག་ལ་མཉམ་འབྲེལ་ནུས་ཤུགས་ཆེན་པོ་ལྡན།  ཁོང་གིས་གསུང་དོན། གསོ་རིག་འབུམ་རམས་པ་མིའུ་ཉི་ཆི་རོའོ་ཆུང་མ་ལེན་ཐུབ་པ་དེ་ནི་ཁོང་གི་བསོད་ནམས་ཆེ་བའི་རྟགས་རེད་ཟེར། ཁོང་ཅག་གིས་ད་ལོའི་སྟོན་ཁར་སྐྱེས་སྲིད་པའི་ཁོང་བཟའ་ཟླ་གཉིས་ཀྱི་ཐོག་མའི་བྱིས་པ་ལ་རེ་ལྟོས་ཆེན་པོས་སྒུག་ཡོད།

 

ལོའོ་ཧྭེ་ནི་ཞིབ་འཇུག་གཞོན་པ་ཞིག་ཡིན།  མིག་སྔར་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་ན་བྱ་བ་སྒྲུབ་བཞིན་ཡོད།  ཁོང་གི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་བོད་ལུགས་གསོ་རིག་གི་ནད་ཐོག་ལག་ལེན་ཞིབ་འཇུག་ཐབས་ཤེས་རིག་པ་རེད། རྩོམ་ཡིག་ཀྱང་མང་པོ་སྤེལ་མྱོང་ལ་དེ་ལས་བོད་སྨན་དང་འབྲེལ་བའི་SCIརྩོམ་ཡིག་༣ཡོད། ཐེངས་འདིའི་གྲོས་ཚོགས་ཀྱི་གཏམ་བཤད་ཁ་བྱང་ནི་ཀྲུང་གོ་བོད་ལུགས་གསོ་རིག་གི་ད་ལྟའི་གནས་སྟངས་དང་མ་འོངས་པའི་གནས་སྟངས་རྟགས་མཚན།
 

ལོའོ་ཧྭེ།

Luo Hui

ཕྱི་ལོ་ ༢༠༡༧ བོད་ལུགས་གསོ་རིག་གི་ལུས་སེམས་བདེ་ཐང་སྐོར་གྱི་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་སྒྲོག་སྦྱང་གནང་མཁན་གཞན་པའི་མི་སྒེར་ལོ་རྒྱུས་ཀྱི་དྲ་ངོས་བཟོ་བཞིན་ཡོད་པས། ཕྱི་ཟླ་ ༧ པའི་མཇུག་ལ་གཟིགས་ཞིབ་གནང་རོགས།

bottom of page