top of page

འཛམ་གླིང་ཀྲུང་མཐུན་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་རྩ་དོན་ཏེ་

        བོད་ཀྱི་གསོ་རིག་མདུན་དུ་བསྐྱོད་པ་གསུམ།

རྩ་དོན་དང་པོ། བོད་ཀྱི་གསོ་བ་རིག་པ་སྔར་བས་ཀྱང་ཁྲིམས་མཐུན་དུ་བསྐྱོད་པ།

དང་པོ། བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་བྱ་བ་ཁྲིམས་མཐུན་ཡིན་དགོས་པ་ལ། རྒྱལ་སྤྱི་རྒྱལ་ནང་མི་རིགས་ཁྲིམས་ཀྱིས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལག་ལེན་སྨན་ སོགས་ཀྱི་ཐོབ་ཐང་དང་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པ་ཡིན་པས། རྒྱལ་སྤྱིའི་གསོ་རིག་གི་ཁྲིམས་དང་མཐུན་དགོས་ཤིང་། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས། ལག་ ལེན། ཞིབ་འཇུག གསར་གཏོད། སློབ་གྲྭ། སློབ་གསོ། སློབ་མ། སྨན་ཁང་། སྨན་པ། ནད་གཡོག སྨན་རྫས། བཟོ་གྲྭ། སྨན། ཞབས་ཕྱི། ཚོང་ར། དོ་དམ། ཁྲིམས་མཐུན། མཉམ་སྤྱོད་བཅས་དོན་ཚན་བཅོ་བརྒྱད་དར་རྒྱས་གོང་འཕེལ་རྒྱ་བསྐྱེད་དུ་གཏོང་དགོས་པ་ལ། འཛམ་གླིང་གསོ་རིག་ལྷན་ཚོགས་དང་། FDA ཡི་རྩ་ཁྲིམས་དང་མཐུན་པར་བྱེད་དགོས་པར་མ་ཟད། རྒྱལ་ཁའི་རྩ་བ་འཕེལ་རྒྱས། འཕེལ་རྒྱས་ཀྱི་རྩ་བ་གསར་གཏོད། གསར་གཏོད་ཀྱི་རྩ་བ་ཚན་རིག  ཚན་རིག་གི་རྩ་བ་བདེ་འཇགས། བདེ་འཇགས་ཀྱི་རྩ་བ་མཐུན་སྒྲིལ་ཡིན་ཕྱིར། རྩ་བ་ལྔའི་རྩ་དོན་ལྟར། ཚོགས་པ་འདིའི་ནང་དུ་རྒྱལ་ཁབ་དང་མི་རིགས། གྲུབ་མཐའ་དང་རིག་གནས། ས་ཕྱོགས་དང་རང་དོན་སོགས་ཀྱི་བྱ་བ་སྒྲུབ་མི་ཆོག་པར་མ་ཟད། འདིའི་ཕྱོགས་ཀྱི་སྐད་ཆའི་སྒྲ་ཙམ་ཡང་གྲགས་མི་ཆོག་པ་ཡིན་ནོ། 

གཉིས་པ། རྒྱལ་ནང་གསོ་རིག་གི་རྩ་ཁྲིམས་དང་མཐུན་དགོས་པ་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གསོའི་རྩ་ཁྲིམས་ཀྱི་དགོངས་པ་ལྟར། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས། ལག་ལེན། ཞིབ་འཇུག གསར་གཏོད། སློབ་གྲྭ། སློབ་གསོ། སློབ་མ། སྨན་ཁང་། སྨན་པ། ནད་གཡོག སྨན་རྫས། བཟོ་གྲྭ། སྨན། ཞབས་ཕྱི། ཚོང་ར། དོ་དམ། ཁྲིམས་མཐུན། མཉམ་སྤྱོད་བཅས་དོན་ཚན་བཅོ་བརྒྱད་དར་རྒྱས་གོང་འཕེལ་རྒྱ་བསྐྱེད་དུ་གཏོང་དགོས།  མི་རིགས་གསོ་རིག་ཐམས་ཅད་ཀྲུང་གསོའི་གསོ་རིག་གི་ཁྱིམ་གཞི་ཆེན་པོ་གཅིག་གི་ནང་དུ་བསྡུས་ཡོད་པས་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་གསོའི་རྩ་ཁྲིམས་དང་མཐུན་པར་བྱེད་དགོས་པ་ཡིན།

གསུམ་པ།  མི་རིགས་གསོ་རིག་གི་རྩ་ཁྲིམས་དང་མཐུན་དགོས་པ་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཀྲུང་གསོའི་རྩ་ཁྲིམས་ཀྱི་དགོངས་པ་ལྟར། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས། ལག་ལེན། ཞིབ་འཇུག གསར་གཏོད། སློབ་གྲྭ། སློབ་གསོ། སློབ་མ། སྨན་ཁང་། སྨན་པ། ནད་གཡོག སྨན་རྫས། བཟོ་གྲྭ། སྨན། ཞབས་ཕྱི། ཚོང་ར། དོ་དམ། ཁྲིམས་མཐུན། མཉམ་སྤྱོད་བཅས་དོན་ཚན་བཅོ་བརྒྱད་དར་རྒྱས་གོང་འཕེལ་རྒྱ་བསྐྱེད་དུ་གཏོང་དགོས་པ་དང་། མི་རིགས་རིག་གནས་ཀྱི་རྒྱབ་ལྗོངས་དང་མི་རིགས་གསོ་རིག་གི་ཁྱད་ཆོས་གཙོ་བོར་བཟུང་ནས་ཀྲུང་གསོ་རྩ་ཁྲིམས་དང་མཐུན་པར་བྱེད་དགོས་པ་ཡིན།

བཞི་པ། རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་གཙོ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་བློ་མཐུན་ཞི་ཅིན་ཕེང་གི་དུས་རབས་གསར་པའི་ཀྲུང་གོའི་ ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གསར་པའི་དགོངས་དོན་དང་། ཏང་གི་སྐབས་བཅུ་དགུ་པའི་ཚོགས་ཆེན་གྱི་དགོངས་དོན་ལྟར། འཕེལ་རྒྱས་ཆེན་པོ་ལྔ་ དང་། ཕྱོགས་ཡོངས་བཞི་དངོས་སུ་ལག་བསྟར་བྱས་ནས། སྤྱི་ཚོགས་རིང་ལུགས་མི་རིགས་གསོ་རིག་རྒྱ་ཆེན་པོའི་ངང་འཕེལ་རྒྱས་རྒྱ་བསྐྱེད་དུ་གཏོང་རྒྱུ་དེ་ཡིན།

 

རྩ་དོན་གཉིས་པ། བོད་ཀྱི་གསོ་བ་རིག་པ་གཞི་རིམ་དུ་བསྐྱོད་པ།

དང་པོ། གཞི་རིམ་གྱི་སྨན་པ། ནད་གཡོག སྨན་གསུམ་འཕེལ་རྒྱས་སུ་གཏོང་དགོས་པ་ལ།

གཅིག  བོད་ཀྱི་གསོ་རིག་སྨན་པའི་སྤུས་ཚད། ལག་རྩལ། ཡོན་ཏན་གསུམ་མཐོར་འདེགས་སུ་གཏོང་དགོས།

༡. སྨན་པའི་སྤུས་ཚད་ནི། སྨན་པའི་སྤུས་ཚད་ཇེ་མཐོར་གཏོང་བྱེད་ཀྱི་ལག་ཆ་གཙོ་བོའི་ཚད་གཞི་ནི། རྒྱུད་བཞི་ནས་གསུངས་པ་ལྟར་སྨན་པའི་རྒྱུ་དྲུག་ཚང་དུ་འཇུག་དགོས་པ་དེ་ཡིན།

༢. སྨན་པའི་ལག་རྩལ་ནི། སྨན་པའི་ལག་རྩལ་ཇེ་མཐོར་གཏོང་བྱེད་ཀྱི་ལག་ཆ་གཙོ་བོའི་ཚད་གཞི་ནི། རྒྱུད་བཞི་ནས་གསུངས་པ་ལྟར་ལག་ལེན་བཅོ་བརྒྱད་ཀྱི་ཚད་གཞི་ལྟར་ལག་ལེན་ལག་བསྟར་བྱེད་དུ་འཇུག་དགོས་པ་དེ་ཡིན།

༣. སྨན་པའི་ཡོན་ཏན་ནི། སྨན་པའི་ཡོན་ཏན་ཇེ་མཐོར་གཏོང་བྱེད་ཀྱི་ཚད་གཞི་གཙོ་བོ་ནི། སྨན་རམས་པ་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་གསུངས་པའི་སྨན་པའི་མཚན་ཉིད་བཞི་ཚང་བར་བྱེད་དུ་འཇུག་རྒྱུ་དེ་ཡིན་ཏེ། གང་ཞེ་ན། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་ཚིག་དོན་གཉིས་ཀ་ཕྱིན་ཅི་མ་ལོག་པར་ཚུལ་བཞིན་དུ་རྟོགས་ཐུབ་པ་དང་གཅིག བལྟ་རེག་དྲི་བརྟག་བཞིའི་སྒོ་ནས་ནད་རིགས་བཞི་བརྒྱ་རྩ་བཞིའི་ངོས་འཛིན་གསལ་ཞིང་རིག་པར་གཏན་ལ་འབེབས་ཐུབ་པ་དང་གཉིས། ཟས་སྤྱོད་སྨན་དཔྱད་སྔགས་ལྔའི་སྒོ་ནས་མི་ན་བ་སྔོན་འགོག ན་བ་གསོ་བ། སོས་པ་རྣམས་ཚེ་རིང་བར་བྱེད་ཐུབ་པ་དང་གསུམ། སྨན་རྫས་ངོས་འཛིན་འདུལ་སྦྱོང་སྦྱོར་ཚད་སྨན་ལས་བཞིའི་མན་ངག་ལག་ལེན་གྱི་གདམས་པ་མཐོང་བ་བརྒྱུད་པ་དང་བཅས་སྨན་པ་གཅིག་གི་སྟེང་དུ་རྩ་བའི་ཡོན་ཏན་འདི་བཞི་ཆ་ཚང་པར་བྱེད་དགོས་པ་དེ་ཡིན།

གཉིས། གཞི་རིམ་གྱི་ནད་གཡོག་འཕེལ་རྒྱས་སུ་གཏོང་དགོས་པ་ལ། ནད་གཡོག་གི་རྒྱུ་བཞི་ཚང་དུ་འཇུག་དགོས་པ་དེ་ཡིན། ནད་པར་བདག་སྐྱོང་སྒྲིན་པར་བྱེད་པ། ནད་པ་ལ་རང་གི་ཕ་མ་ལྟ་བུའི་བརྩེ་བ་ཡོད་པ། ནད་པ་ལ་ཞབས་ཕྱི་བྱེད་པར་གཙང་སྦྲ་ལེགས་པ། ནད་ གཡོག་བྱེད་པ་ལ་བློ་དང་ལྡན་དགོས་པར་བྱེད་པ་བཅས་སོ། །

གསུམ། གཞི་རིམ་གྱི་སྨན་འཕེལ་རྒྱས་སུ་གཏོང་དགོས་པ་ལ། བོད་ཀྱི་གསོ་བ་རིག་པའི་གཞི་རིམ་གྱི་སྨན་རྫས་སྨན་ནུས་གཉིས་མཐོར་འདེགས་སུ་གཏོང་དགོས་པ་དེ་ཡིན།

༡.བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ་ལ། སྨན་རྫས་ཀྱི་ངོས་འཛིན་མ་ནོར་བར་གསལ་ཞིང་རིག་པར་བྱེད་དགོས་པ་དང་གཅིག སྨན་རྫས་ཀྱི་འདུལ་སྦྱོང་ལག་ལེན་གྱི་མཐོང་བ་བརྒྱུད་པའི་མན་ངག་ཆ་ཚང་བར་བྱེད་དགོས་པ་དང་གཉིས། སྨན་རྫས་ཀྱི་སྦྱོར་ཚད་དེ་བོངས་ཚད་ལྟར་སྨན་སྦྱོར་བྱེད་དགོས་པ་དང་གསུམ། ཚད་གཞི་ཅན། ཚད་ལྡན་ཅན། ཚན་རིག་ཅན་དུ་གཏོང་དགོས་པ་དེ་ཡིན།

༢.བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་བོད་སྨན་སྨན་ལས་སྤུས་ཚད་དོ་དམ་ཚད་གཞི GMP དོན་ཚན 300 ལག་བསྟར་དངོས་སུ་བྱས་ཏེ། བོད་སྨན་སྨན་ལས་ཀྱི་ཁྱད་ཆོས་དང་མཐུན་པར་སྨན་ལ་བྱིན་རླབས་ལ་སོགས་པ་ཆོ་ག་ཆད་ལྷག་མེད་པར་ཚུལ་བཞིན་དུ་བཟོས་ནས། སྨན་རྣམས་བདུད་རྩི་དངོས་སུ་བསྒྱུར་ཏེ། བདེ་འཇགས་ནུས་ཡོད་སྤྱོད་བདེ་སྟབས་བདེ་བཞི་ཡི་མཚན་ཉིད་ཚང་པ་ཞིག་བཟོ་རུ་འཇུག་དགོས་པ་དེ་ཡིན།

 

རྩ་དོན་གསུམ་པ། བོད་ཀྱི་གསོ་བ་རིག་པ་འཛམ་གླིང་ལ་བསྐྱོད་པ།

དང་པོ། བོད་ཀྱི་གསོ་རིག་ནི་ཚད་མ་རིག་པ་དང་འབྲེལ་བའི་གསོ་རིག་པ་ཡིན་པའི་རྒྱུ་མཚན། བདག་ཅག་གི་སྟོན་པའི་བསྟན་པ་རིན་པོ་ཆེ་ནི་རྟེན་འབྱུང་རྒྱུ་འབྲས་རིགས་པས་གཏན་ལ་ཕབ་ཡོད་པ་དེ་བཞིན་དུ། བོད་ཀྱི་གསོ་བ་རིག་པ་ཡང་འབྱུང་བ་ལྔ་བོ་ཕན་ཚུན་གཅིག་ལ་གཅིག་བརྟེན་པས་རྟེན་འབྱུང་དང་། རྒྱུ་དང་འབྲས་བུས་མ་གྲུབ་པ་གཅིག་ཀྱང་མེད་པས་རྒྱུ་འབྲས་དང་། གསོ་བྱ་གསོ་བྱེད་གསོ་བ་བོ་སོགས་འབྱུང་ལྔས་བསྐྱེད་པར་གསར་དུ་མི་བསླུ་བའི་རིག་པས་གཏན་ལ་ཕབས་ཡོད་པའི་རྒྱུ་མཚན་གྱིས་བོད་ཀྱི་གསོ་རིག་ལ་བོད་ཀྱི་ཚད་གསོ་རིག་པ་ཞེས་བཏགས་ན་མིང་དོན་དང་མཐུན་པ་ལས་གཞན། ཕྱིའི་ཚན་རིག་པ་ཇི་ལྟར་དར་ཡང་བོད་ཀྱི་གསོ་བ་རིག་པ་མེད་པར་བཟོ་མི་ཐུབ་པར་མ་ཟད། འཕེལ་རྒྱས་སུ་གཏོང་བའི་ལག་ཆ་གཙོ་བོ་དང་། ཚན་རིག་པ་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཞོགས་པའི་ཉི་འོད་སའི་གོ་ལའི་ཁྱོན་ཡོངས་ལ་བར་མེད་དུ་ཁྱབ་པར་གདོན་མི་ཟ་བ་མངོན་སུམ་ཚད་མའི་རྟགས་ཀྱིས་གྲུབ་ཡོད་པ་དེ་ཡིན་ནོ། 

གཉིས་པ། བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་གི་འགྲོ་བ་མི་ཡོངས་ཀྱི་སྤྱི་ནོར་ཡིན་པར་མ་ཟད། ཁྱད་པར་དུ་ཧི་མ་ལ་ཡའི་རི་རྒྱུད་དུ་འདུས་སྡོད་བྱེད་བཞིན་པའི་བོད་མི་རྣམ་དག་གི་སྤྱི་ནོར་ཡིན་པར་ཤེས་དགོས་པ་ལས། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཁྱད་པར་དུ་མི་སྒེར་ཞིག་གི་སྒེར་ནོར་མ་ཡིན་པར་ཤེས་ན། ད་གཟོད་བོད་ཀྱི་ཚད་གསོ་རིག་པའི་རྗེས་འཇུག་པ་ཐམས་ཅད་ཀྱི་བསམ་བློ་བཅིངས་གྲོལ་དང་། མི་རྟག་པ་དང་བདག་མེད་གཉིས་མངོན་སུམ་དུ་རྒྱུད་ལ་སྐྱེས་ནས་སྒྲིབ་གཉིས་རྩ་བ་ནས་སྤངས་པས་ན། བོད་ཀྱི་གསོ་བ་རིག་པའི་མཐར་ཐུག་གི་འབྲས་བུ་མངོན་པར་འཚང་རྒྱ་རྒྱུ་ཡོད་པར་གསལ་ཞིང་རིག་པ་ཡིན་ནོ། 

གསུམ་པ། བོད་ཀྱི་གསོ་བ་རིག་པ་ནི་བོད་མིས་ལོ་ངོ་སྟོང་ཕྲག་རིང་ནད་རིགས་འཐབ་རྩོད་ཀྱི་ ཁྲོད་དུ་བླངས་པའི་གཞུང་ལུགས་ལག་ལེན་གྱི་མ་ལག་ཆ་ཚང་ཞིང་རང་རྐྱ་ཐུབ་པའི་འབྲས་བུ་ཞིག་ཡིན་པར་མ་ཟད། ཚད་གཞི་ཡོད་པ། ཚད་ལྡན་ཡིན་པ། ཚན་རིག་དང་མཐུན་པ། འཛམ་གླིང་གི་ འགྲོ་བ་མིའི་རིགས་ཀྱི་ལུས་སེམས་ནད་གཉིས་མི་འབྱུང་བར་སྔོན་འགོག་དང་། ནད་བྱུང་བ་རྣམས་གསོ་བ་དང་། ནད་སོས་པ་རྣམས་ཚེ་རིང་བར་བྱེད་པའི་འགན་ཁུར་ཐུབ་པ་ཡིན་ནོ། 

བཞི་པ། བོད་ཀྱི་གསོ་བ་རིག་པ་ནི་འབྱུང་ལྔའི་གནས་ལུགས་མཐར་ཐུག་རྟེན་འབྱུང་དང་རྒྱུ་འབྲས་རིག་པས་གཏན་ལ་ཕབ་ཟིན་པའི་དགོངས་དོན་ལྟར་གཞུང་ལུགས་ལག་ལེན་སྨན་གསུམ་གྱི་དཔྱད་པ་ཞིབ་འཇུག་གི་འབྲས་བུ་རྣམས་ནད་ཐོག་ལག་ལེན་དངོས་ཀྱི་སྒོ་ནས་ནད་དེར་ཕན་ཚད100% དུ་དང་། ནད་དེར་མ་ཕན་པ100% དུ་དང་། ནད་དེ་རྩ་བ་ནས་དྲག་ཚད100% དུ་ཡོད་པའི་གྲངས་རྩིས་ཀྱི་སྤྱི་བསྡོམས་ཀྱི་འབྲས་བུ་དེ་འཛམ་གླིང་གི་ཆེས་མཐོ་བའི་ཚན་རྩལ་གྱི་དུས་དེབ་སྟེང་བཀོད་ནས། ཐོག་མར་ཚན་རིག་པ་དང་ཞིབ་འཇུག་པ། ཆབ་སྲིད་པ་དང་དཔལ་འབྱོར་པ། དམག་དོན་པ་དང་བཟོ་ལས་པ། རོང་འབྲོག་མང་ཚོགས་རྣམས་ཀྱིས་མིག་གིས་རིག་རྒྱུ་དང་། ལག་པས་རེག་རྒྱུ། རྣ་བས་གོ་རྒྱུ། སེམས་ལ་འཛིན་རྒྱུ་ཡོད་པའི་བྱ་བ་ལས་རྒྱུ་ནི་རྩ་དོན་ཡིན།

ལྔ་པ།  ཐབས་ལམ་སྣ་དགུ་གཞི་གཅིག་ཏུ་སྦྲེལ་བ།

༡. བོད་ཀྱི་གསོ་རིག་འཛམ་གླིང་ཅན།    ༢. བོད་སྨན་སྨན་ཁང་མིང་གྲགས་ཅན། །

༣. བོད་སྨན་སྨན་པ་སྔོན་ཐོན་ཅན།     ༤. ནད་ཀྱི་ངོས་འཛིན་ཚན་རིག་ཅན། །

༥. ནད་གསོ་བཅོས་ཐབས་ཚད་གཞི་ཅན།  ༦. སྨན་བཅོས་སྨན་ཐོ་མཉམ་སྤྱོད་ཅན། །

༧. སྨན་གྱི་ཞོར་སྐྱོན་བདེ་འཇགས་ཅན།   ༨. ནད་གསོ་སྨན་ནུས་མངོན་གསལ་ཅན། །

༩. ཞབས་ཕྱི་འགྲོ་མིའི་ཡིད་ཚིམས་ཅན།

དྲུག་པ། མ་འོངས་པའི་བྱ་བའི་འཆར་གཞི།

༡. བོད་ཀྱི་གསོ་བ་རིག་པའི་རྒྱལ་སྤྱིའི་ཚད་གཞི་བཟོ་བ།

༢. བོད་ཀྱི་གསོ་བ་རིག་པའི་ཚན་རྩལ་གྲུབ་འབྲས་ཁྱད་འཕགས་ཐོན་པར་བྱ་དགའ་སྟེར་བ།

༣. བོད་ཀྱི་གསོ་བ་རིག་པའི་དབྱིན་ཡིག་གི་རྒྱལ་སྤྱིའི་རིག་གཞུང་དུས་དེབ་རྩོམ་སྒྲིག་བྱེད་པ།

༤. གསོ་རིག་ལྷན་ཚོགས་ཀྱི་གཞི་རིམ་གྱི་སྨན་པ་དང་ནད་གཡོག་སྨན་གསུམ་གྱི་ནུས་པ་མཐོར་འདེགས་སུ་གཏོང་བ།

ཞེས་གསར་གཏོད་ཀྱི་ཐབས་ལམ་ཆེན་པོ་དགུ་གཞི་གཅིག་ཏུ་སྦྲེལ་བར་བྱེད་རྒྱུ་ནི་ང་ཚོའི་དམ་བཅའ་དང་ལས་འགན་ཡིན་པས། ཀུན་གྱིས་ང་ཚོའི་འཛམ་གླིང་ཀྲུང་མཐུན་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

 

                                         འཛམ་གླིང་ཀྲུང་མཐུན་བོད་ཀྱི་གསོ་རིག་ལྷན་ཚོགས་ནས། ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༦ ལ།

bottom of page